གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༠༢ཉིན།

རྩྭ་ཐང་གི་སློབ་ཚུགས་དུས་ཚོད།

   ཟླ་8ཚེས་30ཉིན། ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སློབ་སྐབས་གསར་པ་འགོ་ཚུགས་པའི་དུས་ཚོད་སླེབས་ཡོད་ཅིང་།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3200ཡན་དུ་ཡོད་པའི་སློབ་འབྲིང་འདི་ནི་ཀླུ་ཆུ་རྫོང་ཁོངས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གཅིག་པུ་དེ་རེད། སློབ་མ་2500ལྷག་ཁྲོད་ཀྱི་མང་ཤོས་ནི་འབྲོག་ཁུལ་ནས་ཡོང་བ་རེད། སློབ་མ་ཚོ་བདེ་བླག་ངང་སློབ་གྲྭ་ཕྱིར་ལོག་ཐུབ་ཆེད། སློབ་གྲྭས་སྔོན་ཚུད་ནས་སློབ་རར་དུག་སེལ་དང་། རིམས་འགོག་དངོས་རིགས་གྲ་སྒྲིག དགེ་སློབ་ཀྱི་འགྲོ་འདུག་ལོ་རྒྱུས་བསྡོམས་རྩིས་བྱས་ཤིང་། དགེ་རྒན་གྱིས་སློབ་མ་ལ་སློབ་དེབ་སྤྲོད་པ་དང་། དངོས་རིགས་ལེན་པ། ཟ་ཁང་གི་མཁོ་འདོན་དང་ཉལ་ཁང་གཙང་སྦྲ་སོགས་བྱ་གཞག་ཁག་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ནས། སློབ་སྐབས་གསར་པ་བསུ་བ་ཞུས། 



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1