༄༅། །ཉིན་གཅིག་གི་དུས་ཚོད་ཉེར་བཞི།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


              ཉིན་གཅིག་ལ་དུས་ཡུན་དུས་ཚོད་ཉེར་བཞི་ཡིན་པ་ནི་ཚང་མས་གསལ་བའི་རྒྱུན་ཤེས་ཤིག་རེད། ཡིན་ནའང་། མ་འོངས་པར་གནས་ཚུལ་འདི་དག་ལ་འགྱུར་ལྡོག་འབྱུང་ཉེན་ཡོད། ཨ་རིའི་གནམ་དཔྱད་བརྟག་དཔྱད་ཅུས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། ད་སྐབས་སའི་གོ་ལའི་ཉིན་དཀར་གྱི་དུས་ཚོད་སྔར་དང་བསྡུར་ན་ཆ་སྙོམས་ཀྱིས་སྐར་ཆ1/1400ཇེ་རིང་དུ་སོང་ཡོད་པ་དང་། ཉིན་མཚན་གཉིས་ཀ་ཆ་སྙོམས་ཀྱིས་ཕལ་ཆེར་སྐར་ཆ1/700རེ་ཇེ་རིང་དུ་སོང་ཡོད་པར་བཞེད། དེ་ལྟར་བརྩིས་ན་ལོ་རེར་སྐར་ཆ་ཕྱེད་ཀ་ཇེ་རིང་དུ་སོང་ཡོད། ལོ་120འགོར་ན་ཉིན་རེར་སྐར་མ་གཅིག་ཇེ་རིང་དུ་འགྲོ་ངེས་ཡིན་པ་དང་། དེ་ལྟར་ན་དུས་རབས་འགའ་འགོར་རྗེས་ཉིན་གཅིག་གི་དུས་ཡུན་དུས་ཚོད་24ལས་བརྒལ་ཁོ་ཐག་ཡིན། དོན་དངོས་སུ་སའི་གོ་ལ་ནན་ནན་ཏིག་ཏིག་སྒོས་རང་འཁོར་རྒྱག་གིས་མེད་དེ། རྒྱ་མཚོའི་འཕེལ་འགྲིབ་དང་རླུང་གི་འགུལ་སྐྱོད། འཁྱགས་རོམ་བཞུས་པ་སྒོས་ཕྱི་རྐྱེན་མང་པོའི་དབང་གིས་སིའི་གོ་ལ་རང་འཁོར་རྒྱག་པ་ལན་རེར་མྱུར་ལ། ལན་རེར་དལ་བ་རེད། འོན་ཀྱང་རང་འཁོར་རྒྱག་ཚད་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དེ་ང་ཚོས་གཏན་ནས་མི་ཚོར་བས་ཉིན་གཅིག་གི་དུས་ཡུན་དེ་དུས་ཚོད་ཉེར་བཞི་ཡིན་པའི་ངེས་པ་མེད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1