ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་རྒྱ་བོད་ལོ་ཙཱ་ལག་ལེན་སློབ་ཁྲིད་གནས་གཞིའི་སྒོ་བྱང་བཀལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


           2005ལོའི་སྤྱི་ཟླ་1པོའི་ཚེས་20ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དང་ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་ལོ་ཙཱ་ཁང་གཉིས་མཉམ་འབྲེལ་བྱས་ཏེ། བོད་སྐད་ཡིག་ལོ་ཙཱ་ཁང་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་རྒྱ་བོད་ལོ་ཙཱ་ལག་ལེན་སློབ་ཁྲིད་ལྟེ་གནས་ཀྱི་སྒོ་བྱང་བཀལ།


           སྒོ་བྱང་བཀལ་བའི་མཛད་སྒོའི་ཐོག་ཏུ་ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུས་ཀྱི་འགོ་ཁྲིད་གཞོན་པ་ཅིན་ཡུན་ཀོ་དང་། ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་ལོ་ཙཱ་ཁང་གི་འགོ་ཁྲིད་ཟླ་བ་ཚེ་རིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་ཚེ་རིང་ཐར་དང་གླིང་གཙོ་གཞོན་པ་བཀྲ་བྷ་བཅས་ཞུགས་ཡོད། ཚོགས་ཐོག་ཏུ་གོང་གི་འགོ་ཁྲིད་རིམ་པས་གསུང་བཤད་གནང་བ་དང་། ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་ལོ་ཙཱ་ཁང་གི་འགོ་ཁྲིད་གཞོན་པ་བློ་བཟང་བསྟན་འཛིན་གྱིས་འགོ་འཛིན་བྱས།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1