ཨ་དམག་ཨ་ཧྥུ་ཀན་ནི་སི་ཐན་ནས་ཕྱིར་འཐེན་བྱས་ཟིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-03



     ཨ་རིའི་ཀྲུང་དབྱང་སི་ལི་པུའུ་ཡི་སི་ལི་ཁུན་ནེ་སི་མའེ་ཁེན་ཆི་ཡིས་ཚེས་30ཉིན་ཁྱབ་བསྒྲགས་བྱས་དོན། ཨ་དམག་ཨ་ཧྥུ་ཀན་ནི་སི་ཐན་ནས་ཕྱིར་འཐེན་ལས་འགན་གྲུབ་ཟིན་ཡོད་པ་བརྗོད། 
    མའེ་ཁེན་ཆི་ཡིས་ཉིན་དེའི་ཕྱི་དྲོར་རྒྱལ་སྲུང་པུའུ་ཡི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། གནམ་གྲུ་མཐའ་མ་C-17ཨ་རིའི་ཤར་རྒྱུད་དུས་ཚོད་ཚེས་30ཉིན་གྱི་ཆུ་ཚོད་15དང་སྐར་མ་29ཐོག(ཨ་ཧྥུ་ཀན་ནི་སི་ཐན་གྱི་དུས་ཚོད་ཚེས་30ཉིན་གྱི་ཆུ་ཚོད་23དང་སྐར་མ་59)ཁ་པུར་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཡོད་པ་བརྗོད། 
   མའེ་ཁེན་ཆི་ཡིས། ཉིན་དེར་ཕྱིར་འཐེན་བྱས་པ་དེས་ཨ་དམག་ཨ་ཧྥུ་ཀ་ནི་སི་ཐན་དུ་མི་སྣ་ཕྱིར་འཐེན་བྱེད་པའི་བྱ་སྤྱོད་མཇུག་བསྒྲིལ་བ་མཚོན་ཡོད་ལ། 2001ལོའི“9·11”འཇིགས་སྐུལ་འཇབ་རྒོལ་བྱས་རྗེས་ཨ་དམག་གིས་ཨ་ཧྥུ་ཀ་ནི་སི་ཐན་དུ་ལོ་20ཙམ་རིང་ལ་དམག་དོན་བྱ་སྤྱོད་སྤེལ་བ་མཇུག་རྫོགས་པ་ཡང་མཚོན་ཡོད་པ་བསྟན། 
   སྐར་མ་3སྤྱད་ནས་ཨ་རིའི་ལོ་ངོ་20ཡི་རིང་གི་ཨ་ཧྥུ་ཀན་ནི་སི་ཐན་དམག་འཁྲུག་ལ་རྒྱུས་ལོན་བྱ། 
   དུས་རབས་གོང་མའི“ཝེ་ཐེ་ནམ་གྱི་ཕྱོགས་བསྡུས་ནད”ནས་ད་ལྟའི“ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕྱོགས་བསྡུས་ནད”བར། ཨ་རིས་ཡང་དང་བསྐྱར་དུ་རང་གི་འདོད་བློ་ལྟར་རྒྱལ་ཁབ་གཞན་དག་སྒྱུར་བཀོད་བྱེད་འདོད་པ་དེས་ཨ་རི་ལམ་རྙིང་པའི་ནང་བསྐྱོད་པར་བྱས་ཡོད། ཨ་རིས་ཨ་ཧྥུ་ཀ་ནི་སི་ཐན་ལ་སྤེལ་བའི་སྲིད་ཇུས་ལ་འཐབ་ཇུས་རང་བཞིན་གྱི་ཕམ་ཉེས་བྱུང་བ་དེའི་ཐོག་ནས། ཨ་རིའི་དམག་ཞེན་འཁྲུག་སློང་གིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནོད་འཚེ་བཟོས་པ་མངོན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 1945ལོའི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་རྫོགས་པ་ནས་2001ལོའི་བར། འཛམ་གླིང་གི་ས་ཁུལ་153དུ་ཐོན་པའི་དྲག་པོའི་གདོང་ཐུག་ཐེངས་249ཡི་ཁྲོད་ཨ་རིས་གྲོས་འགོ་བཏོན་པ་201ཡོད་ཅིང་། དེས་81%ཙམ་བཟུང་ཡོད་པ་རེད། “ཁ་པུར་གྱི་དུས་སྐབས”སླར་མི་ཡོང་བ་བྱེད་དགོས་ན། ཨ་རིས་ངེས་པར་དུ་དམག་ཞེན་འཁྲུག་སློང་ལ་དགའ་བའི་གོམས་གཤིས་མེད་པ་བཟོ་དགོས་ལ་ཨ་རིས་ངེས་པར་དུ་རྒྱལ་ཁབ་གཞན་དག་སྒྱུར་བཀོད་བྱེད་འདོད་པར་ཚོད་འཛིན་ནན་པོ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1