གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༠༣ཉིན།

“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་པའི”མུ་འབྲེལ་འགྲེམས་སྟོན་པེ་ཅིང་དུ་དངོས་སུ་སྤེལ་བ།

     ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་1ཉིན་གྱི་སྔ་དྲོར་མི་རིགས་རིག་གནས་ཕོ་བྲང་གིས་གཙོ་གཉེར་བྱས་པའི“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་འགྲེམས་སྟོན”ཞེས་པ་དེ་པེ་ཅིང་དུ་དངོས་སུ་གཉེར་བ་རེད། “མི་རིགས་ཀྱི་གཅེས་ནོར——མི་རིགས་རིག་གནས་ཕོ་བྲང་གི་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་སྤུས་དག་འགྲེམས་སྟོན”དང་།“མི་རིགས་ཁག་གི་མི་དམངས་ཀྱིས་སེམས་པ་ཏང་ལ་ཕྱོགས་པ——ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་ཕུལ་པའི་ལག་རྟགས་འགྲེམས་སྟོན།”“སྔར་སོང་རྒྱུན་འཛིན་བྱས་ནས་ཤེས་རྟོགས་ཐུབ་པ——ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་མི་རིགས་ལས་དོན་གྱི་ཚད་ལྡན་ཡིག་ཆ་དམིགས་བསལ་འགྲེམས་སྟོན”སོགས་རིམ་སྤེལ་འགྲེམས་སྟོན་དེ་སྤྱི་དམངས་ལ་དངོས་སུ་སྒོ་མོ་འབྱེད་རྒྱུ་རེད། 


     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིངགིས་ད་ལོའི་ཟླ་8པར་འཚོགས་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཐོག་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་དུ་འཛིན་དགོས་ཞེས་ནན་གསུང་གནང་བ་རེད། མི་རིགས་རིག་གནས་ཕོ་བྲང་གིས་རྩ་ཆེའི་རིག་དངོས་ཁྲི་5ཙམ་དང་། དཔེ་རྙིང་ཁྲི་20ལྷག་ཙམ། དཔེ་དེབ་གཞན་དག་ཁྲི་40ལྷག་ཙམ་བཅས་དང་དེ་བཞིན་ཡིག་རིས་སྒྱུ་རྩལ་གྱི་བརྩམས་ཆོས་3000ལྷག་ཙམ་བཅས་ཀྱི་ནང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་གང་ལེགས་མཚོན་པའི་རྩ་ཆེའི་རིག་དངོས་དང་། གནའ་གཏམ། ཡིག་ཚགས་བཅས་ཀྱི་དཔྱད་ཡིག་400ལྷག་ཙམ་ལེགས་འདེམས་བྱས། རིག་དངོས་ལ་སྐད་ཆ་ཤོད་དུ་འཇུག་པ་དང་། ལོ་རྒྱུས་ལ་སྐད་ཆ་ཤོད་དུ་འཇུག་པ། རིག་གནས་ལ་སྐད་ཆ་ཤོད་དུ་འཇུག་པ་བཅས་བྱས་པ་བརྒྱུད་ཏང་གི་ལོ་བརྒྱའི་མི་རིགས་ལས་དོན་གྱི་འབད་འབུངས་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་། རང་རྒྱལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས།  མཉམ་འདྲེས་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་མངོན་པ་བྱས་པ། མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་བརྗོད་དོན་གཏིང་ཟབ་མཚོན་པར་བྱས་ཡོད། 

     “མི་རིགས་ཁག་གི་མི་དམངས་ཀྱིས་སེམས་པ་ཏང་ལ་ཕྱོགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་ཕུལ་བའི་ལེགས་སྐྱེས་འགྲེམས་སྟོན།” ལོ་རྒྱུས་ཀྱི་རིན་ཐང་དང་། ཚན་རིག་གི་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་བཅས་ལྡན་པའི་རིག་དངོས་རྩེ་གྲ་100ལྷག་ཙམ་བདམས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དགའ་ཞེན་གྱི་བརྩེ་སེམས་གཅིག་སྡུད་ཐོག་མངོན་པ་དང་མི་རིགས་ཁག་གི་བུ་ཕྲུག་གིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། ལག་གཉིས་ཀྱིས་ལག་གདང་སྦྲེལ་བ། རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་མཚོན་ཡོད། 


     “དེ་སྔའི་གནས་ཚུལ་དངོས་ལ་གཞིགས་ན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་མི་རིགས་ལས་དོན་གྱི་ཚད་ལྡན་ཡིག་ཆ་དང་ཡིག་ཚགས་དམིགས་བསལ་འགྲེམས་སྟོན”གྱིས་ཚན་རྩལ་བྱ་ཐབས་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་གྱི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་རྩ་ཆེའི་ཚད་ལྡན་ཡིག་ཆ་དང་། ཡིག་ཚགས། པར་རིས་བཅས་ཁྱོན་200ལྷག་ཙམ་འགྲེམས་སྟོན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100ཡི་ནང་མི་རིགས་གནད་དོན་ཐག་གཅོད་དང་མི་རིགས་ལས་དོན་སྤེལ་བའི་འབད་འབུངས་ལོ་རྒྱུས་སྒོ་ཀུན་ནས་མངོན་པར་བྱས་ཡོད། 
     “ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་གཏོང་བའི་མུ་འབྲེལ་འགྲེམས་སྟོན”དེ་2020ལོའི་ཟླ་8པར་འགྲེམས་སྟོན་ཐེངས་དང་པོ་བྱས་པ་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་ནས་རྒྱལ་སའི་ལས་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོ་རྒྱག་ཡུལ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་ཏང་ཀྲི་པུའུ་ཡིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་དུ་གྱུར་ཡོད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1