༄༅།།དགུན་དུས་ཀྱི་ཞོགས་པར་མགོ་བོ་བཀྲུ་མི་རུང་།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 09-03


   མི་མང་པོ་ཞིག་ལ་ཞོགས་པ་མགོ་བོ་བཀྲུ་བའི་གོམས་གཤིས་ཡོད་པ་རེད། མ་གཞི་དེས་བྱད་བཞིན་གྱི་གཙང་སྦྲ་དང་མཛེས་ཆོས་སྟོན་ཐུབ་ཀྱང་གཟུགས་པོའི་བདེ་ཐང་ལ་ཕན་པ་མེད། རྒྱུ་མཚན་གཙོ་བོ་ནི་མི་རྣམས་ཞོགས་པ་གཉིད་ལས་སད་རྗེས། ལུས་ཁམས་ཀྱི་ནུས་པ་ཡོངས་སུ་གསོས་མེད་པ་དང་ལུས་པོའི་ཁྲག་ཁམས་འཁོར་རྒྱུག་ཧ་ཅང་དལ་པོ་ཡོད་པ་རེད། གལ་སྲིད་ཞོགས་པ་མགོ་བོ་བཀྲུས་ན་ཀླད་ཁམས་ལ་ཕོག་ཐུག་བྱུང་སླ་བ་དང་། ཀླད་པའི་ནང་གི་ཁྲག་ཁམས་འཁོར་རྒྱུག་དེ་མུར་མགྱོགས་སུ་སོང་ནས་ཀླད་པར་གནོན་ཤུགས་ཆེན་པོ་བཟོ་བ་ར་སྤྲོད་ཐུབ་ཡོད། ལྷག་པར་དུ་དགུན་དུས་ཀྱི་ཞོགས་པ་ཆུ་གྲང་མོས་རྟག་ཏུ་མགོ་བོ་བཀྲུས་ན་གཟུགས་པོའི་བདེ་ཐང་ལ་གནོད་པ་ཡོད་པས་འཛེམ་དགོས་ཞེས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1