གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༠༦ཉིན།

ཨ་ཅག་སློབ་ཁང་གྲོང་ཚོར་བསྐྱོད་པ།


          “ང་ཚོའི་གྲོང་ཚོར་བུད་མེད1508ཡོད་ཅིང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་གྱི་གཟིགས་སྐྱོང་དང་ཐུགས་ཁུར་འོག  བུད་མེད་དང་བྱིས་པའི་ཁེ་དབང་ལ་འགན་སྲུང་གང་ལེགས་འཐོབ་སྟེ། ཚང་མའི་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་སྐད་ཆར་ཉན་པའི་བློ་སེམས་སྔར་བས་བརྟན་པོར་སོང་། ད་ལྟ་གྲོང་ཚོའི་ནང་དུ་བུད་མེད་ཏང་ཡོན200ལྷག་ཙམ་ཡོད། དུས་མཚུངས་སུ། ཚང་མས་སྔར་བཞིན་མཚམས་མི་ཆད་པར་བསམ་བློའི་སྟེང་གི་ཡར་ཐོན་ལ་འཚོལ་སྙེག་བྱེད་ཀྱིན་ཡོད་ཅིང་། ང་ཚོར་དགེ་རྒན་ཞིག་ཡོང་ནས་སློབ་ཁྲིད་དང་མཛུབ་སྟོན་གནང་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད”ཅེས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཞང་བདེ་སྐྱིད་གྲོང་ཚོའི་བུད་མེད་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དོན་གྲུབ་སྒྲོལ་མས་འདི་ལྟར་གསར་འགོད་པར་མཚམས་སྦྱོར་བྱས་པ་རེད།
          རྒྱ་ཆེའི་བུད་མེད་མང་ཚོགས་ཀྱི་དངོས་ཡོད་ཀྱི་དགོས་མཁོ་སྐོང་ཆེད་དང་། དུས་མཚུངས་སུ་རྒྱ་ཆེའི་བུད་མེད་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། མེས་རྒྱལ་གྱི་དྲིན་ལན་ཚོར་བའི་རྒྱལ་གཅེས་ཁྱིམ་གཅེས་ཀྱི་བརྩེ་སེམས་སྔར་བས་སྐུལ་སྤེལ་བྱེད་ཆེད། ཟླ8པའི་ཚེས30ཉིན། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་མཐུན་ཚོགས་ཀྱིས་སྒྲོག་འགྲེལ་ཚོགས་པ་བདེ་སྐྱིད་གྲོང་ཚོའི་ནང་དུ་ཡོང་ནས་ 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ཀྱི་གཟིགས་ཞིབ་དགོངས་དོན་དང་ཀྲུང་དབྱང་འཐུས་ཚབ་ཚོགས་པས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་ཚོགས་ཆེན་སྟེང་གི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད》ཅེས་པ་བརྗོད་དོན་བྱས་པའི་སྒྲོལ་འགྲེལ་སྤེལ་བ་རེད། ཁྲིད་སྟེགས་ཐོག་སྒྲོག་འགྲེལ་སྤེལ་མཁན་གྱིས་གཏམ་བཤད་གནང་བ་ཧ་ཅང་གཟབ་ནན་ཡིན་པ་དང་།  མང་ཚོགས་ཀྱིས་ཧ་ཅང་ནན་ནན་ཏིག་ཏིག་གིས་ཉན་བཞིན་ཡོད།
          བདེ་སྐྱིད་གྲོང་ཚོའི་མང་ཚོགས་ཉི་མ་སྒྲོལ་དཀར་གྱིས་བཤད་རྒྱུར། “དེ་རིང་། དགེ་རྒན་གྱིས་གསུངས་པ་ཧ་ཅང་གསོན་ཉམས་ལྡན་ཞིང་། ཁོང་གིས་འདི་ཚང་མ་ང་ཚོའི་ཉེ་འགྲམ་གྱི་དོན་དག་རྣམས་དཔེ་རུ་བླངས་ནས་གསུངས་པ་རེད། དེ་རིང་གི་སྒྲོག་འགྲེལ་ལ་ཉན་རྗེས། ང་རང་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་བོད་ལྗོངས་མི་དམངས་ལ་གནང་བའི་དམིགས་བསལ་གྱི་གཟིགས་སྐྱོང་དང་ཐུགས་ཁུར་ལ་གོ་བ་ཟབ་མོ་ལེན་ཐུབ་བྱུང་། སྔོན་ཆད་ཏང་གི་སྲིད་ཇུས་ཀྱི་གནས་ཚུལ་ལ་ལར་གོ་བ་མི་ལོན་པའམ་གསལ་ཆ་མེད་པའི་རིགས་ཚང་མར་དེ་རིང་དྲིས་ལན་འཐོབ་སོང་། ང་ཚོས་དངོས་གནས་འདི་འདྲའི་སྒྲོག་འགྲེལ་ཡག་པོ་ཐེངས་མང་པོར་སྤེལ་ཐུབ་པའི་རེ་བ་ཡོད”ཅེས་བཤད།

  སྒྲོག་འགྲེལ་པས་གཏམ་བཤད་ཡག་པོ་གནང་དུས་གཤམ་གྱི་བུད་མེད་མང་ཚོགས་ཀྱིས་ལག་པས་ཐལ་མོ་བརྡེབས་ནས་དགའ་མགུའི་སེམས་པ་མཚོན་པའི་རྣམ་པ།
          དུས་མཚུངས་སུ། ཐེངས་འདིའི་སྒྲོག་འགྲེལ་གྱིས2021ལོའི་“ཨ་ཅག་སློབ་ཁང་གྲོང་ཚོར་བསྐྱོད་པ”ཞེས་པ་འགོ་བརྩམས་པ་མཚོན་ཞིང་། “ ཨ་ཅག ”ཟེར་བ་དེ་བོད་སྐད་དུ་བུད་མེད་ལ་གུས་བཀུར་མཚོན་པའི་མིང་ཚིག་ཅིག་ཡིན།“ཨ་ཅག་སློབ་ཁང”ནི་བོད་ལྗོངས་ཀྱི་བུད་མེད་རྣམས་ལ་ཁ་གཏད་ནས་བཙུགས་པའི་ལེ་ཚན་ཞིག་ཡིན། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཆེད་མཁས་པ་མང་པོ་གདན་འདྲེན་བྱས་ནས་“ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོ། མཐའ་མཚམས་མི་དམངས་ཀྱི་བློ་ཁ་ཏང་ལ་ཕྱོགས”---“ཨ་ཅག་སློབ་ཁང་གྲོང་ཚོར་བསྐྱོད་པ་”ཞེས་པའི་སྒྲོག་འགྲེལ་རུ་ཁག་གཉིས་རྩ་འཛུགས་བྱས་ཏེ། དེ་རིང་ནས་བཟུང་། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་སོགས་ས་ཁུལ་སོ་སོའི་གྲོང་ཚོའི་ནང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་རྒྱུ་རེད། 

འཆད་ཁྲིད་ལ་ནན་ཏན་གྱིས་ཉན་བཞིན་པའི་བདེ་སྐྱིད་གྲོང་ཚོའི་བུད་མེད་མང་ཚོགས།

འཆད་ཁྲིད་ལ་ནན་ཏན་གྱིས་ཉན་བཞིན་པའི་བདེ་སྐྱིད་གྲོང་ཚོའི་བུད་མེད་མང་ཚོགས།
          བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་ཁུར་མི་སྣས་བཤད་རྒྱུར། “ ‘ཨ་ཅག་སློབ་ཁང་གྲོང་ཚོར་བསྐྱོད་པ’ཞེས་པའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི། སྒྲོག་འགྲེལ་པ་ཞིང་པ་དུད་ཁྱིམ་གྱི་རྭ་སྐོར་དང་ཞིང་ཁ། ‘བུད་མེད་ཀྱི་ཁྱིམ’དང་། ‘བུད་མེད’ཅེས་ཡོད་པའི་ཐོན་ལས་རྟེན་གཞིའི་ནང་བསྐྱོད་ཏུ་བཅུག་སྟེ། ཏང་གི་གསར་གཏོད་ཀྱི་གཞུང་ལུགས་དང་། ཁྲིམས་ལུགས་བདེ་ཐང་ཤེས་བྱ་སོགས་གཞི་རིམ་བུད་མེད་མང་ཚོགས་ཀྱི་མདུན་དང་། གྲོང་ཚོའི་ཁྱིམ་ཚང་དུ་སྐྱེལ་བ་ཡིན་ཞིང་། རྒྱ་ཆེའི་བུད་མེད་ཀྱི་དངོས་ཡོད་ཀྱི་དགོས་མཁོ་ནས་མགོ་བརྩམས་ཏེ། རྒྱ་ཆེའི་བུད་མེད་ཀྱིས་བོད་ལྗོངས་གསར་པའི་འཕེལ་རྒྱས་ཡར་ཐོན་གྱི་རླབས་ཆེའི་གྲུབ་འབྲས་དང་། བོད་ལྗོངས་གསར་རྙིང་གཤིབ་བསྡུར་དང་དབུལ་བྲལ་འགག་སྒྲོལ་སྔ་ཕྱིའི་འགྱུར་ལྡོག་ཁྲོད་དུ་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྔར་མེད་ཀྱི་ཁྱད་འཕགས་རང་བཞིན། མེས་རྒྱས་ཁྱིམ་ཚང་ཆེན་མོའི་སྔར་མེད་ཀྱི་དྲོད་ཁོལ་ཟབ་མོ་ཚོར་བ་དང་ཤེས་སུ་འཇུག་པར་སྣེ་ཁྲིད་བྱས་ཏེ། ཏང་ལ་དགའ་བ་དང་། མེས་རྒྱལ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་ཆེ་བའི་བརྩེ་སེམས་ཟབ་མོ་འཛུགས་པ་ཡིན”ཞེས་བཤད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1