གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༠༦ཉིན།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོགས་གཙོས་ཐཱ་ལེ་པན་བར་འབྲེལ་འདྲིས་བྱེད་པར་ཆ་རྐྱེན་ལྔ་གཏན་འཁེལ་བྱས།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་འབྲེལ་འདྲིས་བྱེད་པར་ཆ་རྐྱེན་ལྔ་གཏན་འཁེལ་བྱས། 
        སི་ལོ་ཝུན་ནེ་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་སྐབས་ཀྱི་གྲོས་རིམ་ཞིག་ཡིན་པའི་ཆ་ནས། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ཉིན་དེར་གྲོལ། 
        པའོ་ལོས་ལེ་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཐཱ་ལེ་པན་བར་གྱི་འབྲེལ་འདྲིས་དེ་ཆ་རྐྱེན་ལྔ་བོ་འདིར་རག་ལས་ཡོད་དེ། ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་དེ་རྒྱལ་ཁབ་གཞན་པར་འཇིགས་སྐུལ་རིང་ལུགས་མངག་པའི་རྟེན་གཞིར་འགྱུར་མི་སྲིད་པར་ཁས་ལེན་བྱས་པ་དང་། འགྲོ་མིའི་ཐོབ་ཐང་ངམ་ཁྱད་པར་དུ་བུད་མེད་ཀྱི་ཁེ་ཕན་དང་། ཁྲིམས་སྐྱོང་དང་སྨྱན་བྱད་ཀྱི་རང་དབང་ལ་བརྩི་འཇོག་བྱེད་པ། གྲོས་མོལ་ལ་བརྟེན་ནས་བཟོད་སྒོམ་རང་བཞིན་ལྡན་ཞིང་འཐུས་ཚབ་རང་བཞིན་ལྡན་པའི་བར་བརྒལ་སྲིད་གཞུང་ཞིག་འཛུགས་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རང་དབང་གིས་འགྲོ་ཡོང་ཐུབ་པ་བཅས་ལ་ཁས་ལེན་བྱེད་པ་དང་། ཐཱ་ལེ་པན་གྱིས་ཁས་ལེན་བྱས་པ་ལྟར་ཕྱི་རྒྱལ་གྱི་སྤྱི་དམངས་དང་ཨ་ཧྥུའུ་ཧན་གྱི་མི་རང་གི་མངའ་ཁོངས་དང་འབྲལ་བར་ཆོག་མཆན་འགོད་དགོས་ཟེར། 
        པའོ་ལོས་ལེ་ཡིས་ད་རུང་འགྲེལ་བཤད་བྱས་དོན། གྲོས་ཚོགས་དེ་ནི་དངོས་གཞིའི་གྲོས་ཚོགས་ཤིག་མིན་པས། ཆ་རྐྱེན་ལྔ་བོ་དེ་ཡང་ཡོ་རོབ་གླིང་མནའ་འབྲེལ་གྱི་དངོས་གཞིས་གྲོས་ཆོད་མིན་ཟེར།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1