གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༠༦ཉིན།

བཙན་ལྷ་རྫོང་གིས་གཡེར་མ་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རམ་འདེགས་བྱས།

        ཟླ8པའི་ཚེས31ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་འོག་ཏུ་ཤང་འོག་ཏུ་གྲོང་ཚོའི་གྲོང་མི་རྣམས་གཡེར་མ་བཏོག་པའི་ལས་ལ་བྲེལ་བཞིན་ཡོད།


        ཉིན་ཤས་བསྟུད་མར། བཙན་ལྷ་རྫོང་གི་གཡེར་མ་ལོ་ལེགས་བྱུང་བའི་དུས་སུ་སླེབས་པས། གྲོང་མི་རྣམས་ཀྱིས་ནམ་ཟླ་ལེགས་པའི་གོ་སྐབས་དེ་དམ་པོར་བཟུང་ནས་གཡེར་མ་བཏོག་པ་དང་། གཡེར་མ་སྐམ་པ་སོགས་ཀྱི་ལས་ལ་བྲེལ། ཉེ་བའི་ལོ་འགའི་རིང་འོག་ཏུ་ཤང་གིས་གནས་བབ་དང་བསྟུན་ནས་མང་ཚོགས་རྣམས་ལ་ས་གནས་ཀྱི་གཡེར་སྡོང་དང་རིགས་མི་འདྲ་བའི་གཡེར་སྡོང་འཛུགས་པར་སྐུལ་འདེད་བྱས་ནས། ཧུར་ཐག་གིས་གཡེར་སྡོང་གི་སྡོང་ཕྲུག་གསོ་སྐྱོང་དང་། མ་སྡོང་ར་བ་འཛུགས་སྐྲུན་དང་ལས་སྣོན་རྟེན་གཞི་འཛུགས་པའི་ཕྱོགས་ལ་ཤུགས་བསྣན་པ་བརྒྱུད། ཤང་ཡོངས་སུ་གཡེར་སྡོང་གི་སྡོང་རྐང་ཁྲི20ཙམ་དང་། ཁྱིམ་ཚང་རེས་གཡེར་སྡོང་སྡོང་རྐང200ཙམ་བཙུགས་ཡོད།

        ད་ལོར་འོག་ཏུ་ཤང་གི་གཡེར་མའི་ལོ་རེའི་ཐོན་ཚད་ཏུན250དང་། ཐོན་རྫས་རིན་ཐང་སྒོར་ཁྲི2500 ། ཁྱིམ་ཚང་རེའི་ཡོང་འབབ་སྒོར་ཁྲི1ཙམ་ལ་སླེབས་རྩིས་ཡོད་པ་དང་། གཡེར་མ་དེ་འོག་ཏུ་ཤང་གི་མང་ཚོགས་ཕྱུག་འགྱུར་འབབ་འཕར་བྱུང་བའི་གཙོ་ཁྲིད་ཐོན་ལས་སུ་གྱུར་ཡོད། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1