ལི་ཁེ་ཆང་2015ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སུ་ཞུགས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


ལི་ཁེ་ཆང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་བྷི་དང་མཇལ་འཕྲད་གནང་བཞིན་པ།

           སྤྱི་ཟླ་1པོའི་ཚེས་20ཉིན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་བྷི་དང་། སི་ཝེས་ཙེར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གདན་ཞུ་བྱས་པའི་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས་20ཉིན་ནས་ཚེས་22བར་སི་ཝེས་ཙེར་གྱི་དྷ་ཝོ་སི་རུ་འཚོགས་བཞིན་པའི་2015ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སུ་ཞུགས་པར་མ་ཟད། སི་ཝེས་ཙེར་དུ་ལས་དོན་འཚམས་འདྲི་ཡང་མཛད་ཡོད། ཐེངས་འདིའི་ལོ་ཚོགས་དུ་རྒྱལ་སྤྱིའི་སྲིད་ཕྱོགས་མི་སྣ་དང་ཁེ་ལས་མི་སྣ། དེ་བཞིན་ཁྱབ་ཁོངས་སོ་སོའི་ཤེས་ལྡན་མི་སྣ་མི་གྲངས་2500ལྷག་ཞུགས་ཡོད་ཅིང་། ལི་ཁེ་ཆང་གིས་དམིགས་བསལ་ཤིས་ཚིག་ཞུས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1