ཇ་ལོ་ལོ་ལེགས་བྱུང་ནས་ཞིང་ལས་འབབ་འཕར་ལ་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-07


     མི་དམངས་དྲ་བར་ལི་ཅང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་གྱི་ཇ་ལོའི་ཐོན་ཁུལ་གཙོ་བོ་ཡིན་པའི་ཧྭ་ཕིང་རྫོང་ལ་ཇ་འདེབས་ལོ་རྒྱུས་ཉིས་བརྒྱ་ལྷག་ཙམ་ཡོད་ལ། སྤུས་ལེགས་ཇ་ཐོན་སྐྱེད་བྱེད་པའི་རང་བྱུང་ཆ་རྐྱེན་ཡང་ལྡན་ཡོད། མིག་སྔར་ཇའི་ཐོན་ལས་དེ་ཧྭ་ཕིང་རྫོང་བྱང་རྒྱུད་རི་ཁུལ་གྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐོན་ལས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། 


     ངོ་སྤྲོད་བྱས་པར་གཞིགས་ན། ཧྭ་ཕིང་རྫོང་ནི་འབྲི་ཆུའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་གནས་ཤིང་། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་བས་རྫོང་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་1160ཟིན་པ་དང་། དཔེ་མཚོན་ཅན་གྱི་ལྷོ་ཚ་ཁུལ་གྱི་ཚ་ཉུང་རོང་ཁུལ་གྱི་གནམ་གཤིས་ཡིན་ལ། ལངས་གཟུགས་ཀྱི་ཁྱབ་ཚུལ་ཅུང་འབུར་དུ་ཐོན་ཞིང་། གནམ་གཤིས་དྲོད་ཅིང་བརླན་ལ། སྐྱེ་ལྡན་རྫས་བཅུད་ཕུན་སུམ་ཚོགས་པའི་ས་རྒྱུ་གཤིན་པས། ཇ་སྡོང་གི་སྐྱེ་འཚར་ལ་ལྷག་ཏུ་འཚམ་པ་མ་ཟད། ད་དུང་ཇའི་ཁྲོད་ཀྱི་ཕན་ལྡན་གྲུབ་ཆ་སྣ་ཚོགས་ཀྱི་འདུས་ཚད་མཐོར་འདེགས་གཏོང་ཐུབ་པས་ཇའི་སྤུས་ཚད་ཅུང་བཟང་བ་ཡིན། 


     མིག་སྔར་ཧྭ་ཕིང་རྫོང་གི་ཇ་འདེབས་ཁྱོན་མུའུ་ཁྲི་1.7ཟིན་ཡོད་པ་རེད། 2020ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་སླེབས་སྐབས་དཔྱིད་ཇའི་ཐོན་ཚད་ཏུན་260ཟིན་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་2650ཟིན་རྒྱུ་རེད། དེའི་ནང་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས་བཅས་ཀྱི་ཇ་ཏུན་165དང་སྔོན་དཔག་བྱས་ན་ཐོན་རྫས་རིན་ཐང་སྒོར་ཁྲི་1680ཟིན་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1