ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐ་ལི་པན་སྲིད་གཞུང་གསར་པའི་དཔོན་རིགས་མིང་ཐོ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-09



     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་འཕྲིན་སྤེལ་པས་ཁ་པུར་ནས་གནས་འཕྲིན་སྤེལ་བ་ལྟར་ན། ས་གནས་དེ་གའི་ཟླ་9ཚེས་7ཉིན་གྱི་དགོང་མོར་ཨ་ཧྥུ་ཀ་ནི་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་མུའུ་ཅ་ཤིས་ཏེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་སྐབས་སྲིད་གཞུང་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཕྱི་ཕྱོགས་ལ་གནས་སྐབས་སྲིད་གཞུང་གི་གཞི་རྩའི་སྒྲོམ་གཞི་དང་གནས་སྐབས་སྲིད་གཞུང་གི་ཁོངས་མི་གཙོ་བོ་ཁག་གཅིག་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། 
     གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མུའུ་ཅ་ཤིས་ཏེས་མོ་ཧན་མོ་ཏེ·ཧ་སང་གིས་ཙུང་ལིའི་ངོ་ཚབ་བྱེད་རྒྱུ་དང་། ཨ་པུའུ་ཏུའུ་ལེ·ཅ་ཉི·པ་ལ་ཏར་གྱིས་ཙུང་ལི་གཞོན་པའི་ངོ་ཚབ་བྱེད་རྒྱུ།   ཨ་པུའུ་ཏུའུ་·ས་ལ་མུའུ་·ཧ་ན་ཧྥེ་ཡིས་ཙུང་ལི་གཞོན་པ་གཉིས་པའི་ངོ་ཚབ་བྱེད་རྒྱུ། 
     གཞན་ཡང་མུའུ་ཅ་ཤིས་ཏེ་ཡིས་འབྱུང་འགྱུར་ཨ་ཧྥུ་ཀ་ནི་སི་ཐན་གྱི་རིམ་གྲས་ཚང་མར་སྲིད་གཞུང་གསར་པའི་ཁྲོད་གོ་གནས་དེ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཟེར། 
     ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐ་ལི་པན་གྱིས་ཨ་ཧུང་ཀྲ་ཏས་ཨེ་སྨིར་གྱི་ཐོབ་ཐང་ཐོག་ནས་རྒྱལ་ཁབ་ལ་འགོ་ཁྲིད་བྱ་རྒྱུ་རེད་ཟེར། 
     མུའུ་ཅ་ཤིས་ཏེས་ཡོངས་བསྒྲགས་ཚོགས་འདུ་མཇུག་འགྲོལ་རྗེས་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས་ཐ་ལི་པན་གྱི་འགོ་ཁྲིད་མཐོ་ཤོས་ཨ་ཧུང་ཀྲ་ཏ་ཡིས་ཨའེ་སྨིར་གྱི་ཐོབ་ཐང་ཐོག་ནས་རྒྱལ་ཁབ་ལ་འགོ་ཁྲིད་བྱ་རྒྱུ་རེད་ཅེས་གསལ་བཤད་བྱས། 
     ཉིན་དེར་ཐ་ལི་པན་གྱིས“ཨའེ་སྨིར་ཨ་ཧུང་ཀྲ་ཏ”ཞེས་པའི་གསལ་བསྒྲགས་སྤེལ་ནས་གནས་སྐབས་སྲིད་གཞུང་གི་ཁོངས་མིས་དབྱི་སི་ལན་ཆོས་ལུགས་ཀྱི་རྩ་དོན་འོག་ལས་དོན་ཧུར་ཐག་སྤེལ་ནས་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་སྲུང་སྐྱོང་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་གྱི“ཡུན་རིང་ཞི་བདེ་དང་། དར་རྒྱས། འཕེལ་རྒྱས”བཅས་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མཐའ་འཁོར་རྒྱལ་ཁབ་དང་དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་དང་། བརྟན་ལྷིང་། སྐྱོན་བྲལ་བཅས་ཀྱི་འབྲེལ་བ་འཛུགས་འདོད་ཡོད། མི་སུ་འདྲ་ཞིག་གམ་ཡང་ན་རྩ་འཛུགས་གང་ཞིག་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་སྤྱད་ནས་རྒྱལ་ཁབ་གཞན་དག་གི་བདེ་འཇགས་ལ་འཇིགས་སྐུལ་གཏན་ནས་བྱེད་མི་ཆོག ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་འབད་བརྩོན་ཆེན་པོས་ཕྱི་འབྲེལ་ཕོ་ཉའི་ཚོགས་པ་དང་། མི་ཆོས་རིང་ལུགས་ཀྱི་རྩ་འཛུགས། ཕྱི་རྒྱལ་གྱི་མ་འཇོག་མཁན་གྱི་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན།
     གསལ་བསྒྲགས་ནང་ད་དུང་བསྟན་དོན། དམག་འཁྲུག་གི་བརྙས་བཅོས་ཕོག་པའི་རྒྱལ་ཁབ་བསྐྱར་སྐྲུན་བྱེད་ཆེད་ཨ་ཧྥུ་ཀ་ནི་སི་ཐན་ལ་མི་དམངས་ཀྱི་རྒྱབ་སྐྱོར་དགོས། ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཀྱིས་དབྱི་སི་ལན་ཆོས་ལུགས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1