ལྷ་སའི་དགེ་རྒན11000ལྷག་ལ་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-10



2021ལོའི་ཟླ9པའི་ཚེས10ཉིན་ནི།
རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཐེངས་སོ་བདུན་པ་རེད།
ད་ལོའི་དགེ་རྒན་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི།
“ལོ་བརྒྱའི་ཐོག་མའི་བསམ་འདུན་རྒྱུན་བསྐྱངས་ཏེ། །   མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་ཁུར། །” ཞེས་པ་དེ་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན།
ཟླ9པའི་ཚེས10ཉིན་གྱི་དགོང་མོར།
ལྷ་ས་རུ་མུ་མཐུད་ནས་དགེ་རྒན་རྣམས་ལ་ཁ་ཕྱོགས་ཏེ།
དགེ་རྒན11000ལྷག་ལ་འཚམས་འདྲི་ཞུ་བའི་སྤྱི་ཕན་བྱ་འགུལ་སྤེལ་རྒྱུ་རེད།

བརྙན་ཐུང་མནན་ནས་གྲོགས་པོ་ཆུང་ཆུང་ཚོས་དགེ་རྒན་ལ་བཀའ་དྲིན་ཞུ་ཚུལ་གཟིགས་དང་།
          ཟླ9པའི་ཚེས6ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དུས་ཆེན་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ། ལྷ་ས་གྲོང་ཁྱེར་གྱིས་གཟབ་རྒྱས་བབ་ཆགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་པ། དགེ་སློབ་ཚང་མ་མཉམ་དུ་ཞུགས་པ་བཅས་ཀྱི་དྲིལ་བསྒྲགས་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ་ད་དུང་དགེ་རྒན་གྱི་ཀུན་སྤྱོད་ཀྱི་ཆེད་དོན་སློབ་གསོའི་ནང་དོན་གཙོ་བོར་བྱས་པའི“བསྡུར་སློབ་སྙེགས་རོགས”ཀྱི་དཔྱད་གླེང་ཚོགས་འདུ་འཚོགས་པ་དང་། དགེ་རྒན་གྱི་ཀུན་སྤྱོད་ཆེད་དོན་བཅོས་སྒྲིག དགེ་རྒན་གྱི་རྩོམ་ཡིག་བསྡུ་བ་སོགས་ཀྱི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་པ་རེད།
          དགེ་རྒན་དུས་ཆེན་གྱི་སྐབས་སུ་ལྷ་སའི་ལས་ཁུངས་ཁག་གིས་གཞི་རིམ་དུ་རྟོག་ཞིབ་དང་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་ནས། དགེ་རྒན་ཀུན་སྤྱོད་དཔེ་བཟང་ཅན་དང་། ཕུལ་བྱུང་དགེ་རྒན། ཕུལ་བྱུང་སློབ་གསོའི་ལས་དོན་པ།  ཕུལ་བྱུང་འཛིན་བདག  ལོ30ཡི་རིང་ལ་དགེ་རྒན་བྱས་པའི་དགེ་རྒན་རྒན་པ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་དགེ་རྒན། ལས་འཁྱུར་ངལ་གསོའི་་དགེ་རྒན། རིམས་ནད་སྔོན་འགོག་ཁྲོད་ཀྱི་ཕུལ་བྱུང་ལས་དོན་པ་སོགས་མི3250དང་ཚོགས་པ100ལ་འཚམས་འདྲི་ཞུ་རྒྱུ་རེད།

          དེ་དང་ཆབས་ཅིག་ཏུ་ལྷ་སའི་ལས་ཁུངས་ཁག་གིས་སློབ་གྲྭ་གཞི་བྱས་ཏེ། དགེ་རྒན་གྱིས་དམ་བཅའ་འཇོག་པ་དང་དགེ་རྒན་རྒན་པ་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུས་པའི་མཛད་སྒོ་སྤེལ་རྒྱུ་ཡིན་པ་དང་།  དམ་བཅའ་འཇོག་པའི་མཛད་སྒོ་བརྒྱུད་དེ། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གཟི་བརྗིད་ལྡན་པའི་ལས་འགན་བློ་བརྟན་འགྱུར་མེད་ངང་བསྒྲུབས་པར་སྣེ་ཁྲིད་པ་དང་། དགེ་རྒན་གྱི་འགན་འཁྲིའི་བསམ་བློ་དང་འོས་འགན་གྱི་འདུ་ཤེས། ལས་བཀུར་སྙིང་སྟོབས་བཅས་སྐུལ་སློང་བྱ་རྒྱུ་རེད། དགེ་རྒན་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུས་པའི་མཛད་སྒོ་ནི་གཙོ་བོ་ལས་འཁྱུར་ངལ་གསོ་དང་རྒན་ཡོལ་ཞུས་པའི་དགེ་རྒན་རྒན་གྲས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དུས་རབས་ཀྱི་དར་སྲོལ་རྒྱུན་འཛིན་བྱེད་པ། ལས་ཐོག་དགེ་རྒན་གྱིས་མུ་མཐུད་འབད་པ་བྱེད་པར་སྐུལ་ལྕག་གཏོང་བ་བཅས་ཀྱི་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན།

          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་དུ་ལྷ་སར་སྒྲིག་ཁོངས་སུ་ལས་ཐོབ་ཡོད་པའི་དགེ་རྒན་ཁྱོན11033(ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་བྱ་གཞག་ཚན་པའི་སློབ་གསོའི་ལས་དོན་པ་ཚུད་མེད།)ཡོད་པ་རེད། དགེ་རྒན་ཚོར་གཟི་བརྗིད་ལྡན་པའི་དུས་ཆེན་གྱི་མཛད་སྒོའི་མྱོང་བ་སྤྲོད་ཆེད། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་དང་དེ་བཞིན་དུ་རྫོང(ཆུས)ཁག་གི་སློབ་གསོ་ཅུས་ཀྱིས་འབྲེལ་ཡོད་ས་ཁོངས་ཀྱི་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་གྱིLEDབརྙན་ཤེལ་ལ་འབྲེལ་བ་བྱས་ཏེ། ཟླ9པའི་ཚེས10ཉིན་གྱི་ཆུ་ཚོད21:00-22:00ལ“རྒན་ལགས། སྐུ་ཁམས་བཟང་།”ཞེས་པའི་ཡི་གེ་ཡང་དང་བསྐྱར་དུ་སྟོན་རྒྱུ་ཡིན་པ་དང་། རིམ་པ་སོ་སོའི་སློབ་གྲྭ་ཁག་གིLEDབརྙན་ཤེལ་གྱི་ཐོག་ཏུ་ཉིན་གང་བོར་སྟོན་རྒྱུ་རེད། “དགེ་རྒན་ལ་ཁ་ཕྱོགས་ཏེ། དགེ་རྒན་ལ་འཚམས་འདྲི་བྱེད་པ།”ཞེས་པའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས། དགེ་རྒན་གྱི་གཟི་བརྗིད་མངོན་པར་བསྟོད་རྒྱུ་རེད།

          ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ2018ལོ་ནས་བཟུང་ད་བར་རྒྱུན་མཐུད་ངང་སྤེལ་ ཡོང་ཡོད་པ་དང་། དེའི་དམིགས་ཡུལ་ནི་དགེ་རྒན་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། དེ་དང་ཆབས་ཅིག་ཤུགས་ཆེན་པོས་ཕུལ་བྱུང་དགེ་རྒན་གྱི་རིག་གནས་དར་སྤེལ་བཏང་ནས། སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་དགེ་རྒན་གྱི་བཀའ་དྲིན་དང་དགེ་རྒན་ལ་གུས་བཀུར་ཞུ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1