རྔ་བ་ཁུལ་གྱིས་དགེ་རྒན་དུས་སྟོན་ཐེངས་37པའི་དགའ་སྟོན་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 09-13



ལིའུ་ཕིང་བྱེད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ། ལུའོ་ཀྲེན་ཧྭ་དང་ལི་ཝེ་གོ། ཉི་མ་འབུམ་བཅས་བྱེད་སྒོར་ཞུགས།

           རྔ་བ་ཁུལ་གྱི་ཕུལ་དུ་བྱུང་བའི་དགེ་རྒན་རྣམས་ལ་གཟེངས་བསྟོད་དང་ཁུལ་ཡོངས་སུ་དགེ་རྒན་ལ་བཀུར་བསྟི་དང་སློབ་་གསོར་གཙིགས་མཐོང་ཀྱི་རྣམ་པ་བཟང་པོ་བསྐྲུན་ཕྱིར། ཟླ་9ཚེས་7ཉིན་གྱི་ཕྱི་དྲོར། རྔ་བ་ཁུལ་གྱིས་དགེ་རྒན་དུས་སྟོན་ཐེངས་37པའི་དགའ་སྟོན་བྱེད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་བྱེད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ།
         ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ་བྱེད་སྒོར་ཞུགས་ཤིང་གཟེངས་བསྟོད་ཐག་གཅོད་སྒྲོག་སྦྱང་མཛད། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་བཅས་བྱེད་སྒོར་ཞུགས།
        ལིའུ་ཕིང་གིས་ཤིས་ཚིག་ཏུ་ཁུལ་ཨུ་དང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལས་བྱེད་པ་ཁྲི་94ཡི་ཚབ་མཛད་ནས་སློབ་གསོའི་ལས་དོན་ལ་དཀའ་ཚེགས་མྱངས་དང་མྱོང་བཞིན་པའི་དགེ་རྒན་རྣམ་པ་དང་། སློབ་གསོའི་ལས་ཀ་བ་དང་ལས་འཁྱུར་ངལ་གསོ་བྱེད་པའི་དགེ་རྒན་བཅས་ལ་འཚམས་འདྲི་གནང་བར་མ་ཟད། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་དགེ་རྒན་དང་སློབ་གསོའི་ལས་ཀ་བར་རྟེན་འབྲེལ་ཞུས་ཤིང་། རྔ་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་བླ་མེད་གནང་མཁན་གྱི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུས།
        ལིའུ་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་གནང་བར་བཏོན་པའི་དཔྱད་བརྗོད་གལ་ཆེན་རབ་དང་རིམ་པ་གཞིར་བཟུང་ནས། མི་གང་འདྲ་ཞིག་གསོ་སྐྱོང་གནང་བ་དང་ཇི་ལྟར་གསོ་སྐྱོང་བྱེད་པ།  སུ་ཞིག་གི་ཕྱིར་དུ་གསོ་སྐྱོང་བྱེད་ཅེས་པའི་དྲི་བར་རྩ་བའི་ཆ་ནས་ལན་བཏབ་ཡོད། རྔ་བ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་ཐད་བཏོན་པའི་དཔྱད་བརྗོད་གལ་ཆེན་ལག་ཏུ་བསྟར་ཞིང་། ཀྲུང་དབྱང་དང་ཞིང་ཨུའི་གྲོས་ཆོད་བཀོད་སྒྲིག་ལག་ཏུ་བསྟར་ནས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་ལ་ཤུགས་བསྣན་ཏེ། དངོས་ཐོག་བདེན་འཚོལ་དང་གསར་གཏོད་ཀྱིས་ཁུལ་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་དང་བསྒྱུར་བཅོས་ལས་དོན་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད། གྲུབ་འབྲས་འདི་དག་ནི་ཁུལ་ཡོངས་ཀྱིས་འབད་འབུངས་ལས་ཐོན་པའི་གྲུབ་འབྲས་ཡིན་ལ། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་ཀ་བ་ཡོངས་ཀྱི་རྔུལ་ཁྲག་ལས་ཐོན་པ་ཤ་སྟག་ཡིན།
       དེང་སང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་ལ་བརྩོན་ཞིང་། དཔའ་ངར་ལྡན་པའི་རང་ཁུལ་གྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པའི་འཐབ་ཇུས་དམིགས་འབེན་དུ་བཟུང་ནས། མགྱོགས་མྱུར་དུ་ཡོལ་གཅིག་རྒྱུད་བཞི་དང་ཁོངས་ཡོངས་སྐྱེ་ཁམས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ། གནས་གསུམ་མཉམ་སྐྲུན་དང་ལས་རིགས་ལྔ་མཉམ་འཕར་གྱི་ཐོན་ལས་མ་ལག་གསར་བ། ཕྱོགས་བཞིར་ཤར་བགྲོད། ཁོངས་ཡོངས་རྒྱ་བསྐྱེད་ཀྱི་སྒོ་འབྱེད་རྣམ་པ་གསར་བ་བསྐྲུན་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་ཁུལ་གྱི་འཐབ་ལམ་གསར་བའི་མགོ་བརྩམས་ཡོད།
       ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་ཀ་བ་ཡོངས་ཀྱིས་དུས་རྟག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུགས་བསམ་ཡོད་པ་དང་ཀུན་སྤྱོད་ལྡན་པ། ཤེས་བྱ་འཛོམས་པ། བྱམས་བརྩེ་ལྡན་པའི་དགེ་རྒན་བཟང་བོ་ཞིག་བྱེད་པའི་རེ་བ་སེམས་སུ་བསྣམས་ནས། གཟི་བརྗིད་ལྡན་པའི་ལས་རིགས་འདིར་གཅེས་སྐྱོང་བྱས་ཤིང་། རང་བཞིན་གྱིས་གཟི་བརྗིད་ལྡན་པའི་སློབ་གསོའི་འོས་འགན་ཕྲག་ཏུ་བླངས་ནས། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པར་བྱས་རྗེས་གསར་བ་དབུལ་དགོས།
       བྱེད་སྒོར། རྒྱལ་ཁབ་ཀྱི་དྲྭ་རྒྱའི་བརྡ་འཕྲིན་མ་རྐང་ཚད་ཡོད་ཀུང་སིས་རྔ་ཁུལ་སློབ་གསོའི་ཐེབས་རྩར་དགེ་རྒན་གྱི་བྱ་དགའི་ཐེབས་རྩའི་ཞལ་འདེབས་ཕུལ་ཞིང་། རྔ་ཁུལ་གྱི་ཕུལ་དུ་བྱུང་བའི་དགེ་རྒན་དང་རྔ་ཁུལ་གྱི་ཕུལ་བྱུང་སློབ་གཙོ། རྔ་ཁུལ་གྱི་ཕུལ་བྱུང་འཛིན་བདག  དཔེ་བཟང་དགེ་རྒན། རྔ་ཁུལ་གྱི་གྲོང་གསེབ་དགེ་རྒན་རྩེ་གྲ་བཅས་བཅུ་ལ་བྱ་དགའ་ཕུལ།
       ཁུལ་ཨུ་དང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ། རྒྱལ་ཁབ་ཀྱི་དྲྭ་རྒྱའི་བརྡ་འཕྲིན་མ་རྐང་ཚད་ཡོད་ཀུང་སིའི་འཐུས་ཚབ་པ། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་དགེ་རྒན་གྱི་འཐུས་ཚབ་པ། འབར་ཁམས་ས་ཁུལ་གྱི་དགེ་རྒན་དང་སློབ་མ། ཁྱིམ་བདག་གི་འཐུས་ཚབ་པ་སོགས་བྱེད་སྒོར་ཞུགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1