ཧུའུ་ཁྲང་ཧྲེང་གིས་དར་མདོའི་ལྔ་མཆོད་དགོན་པར་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-23


           སྤྱི་ཟླ་1པོའི་ཚེས་19ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཆེད་དུ་དར་མདོ་རྫོང་གི་ལྔ་མཆོད་དགོན་པར་བརྟག་དཔྱད་ཞིབ་འཇུག་གནང་ཞིང་། དགོན་པའི་བླ་གྲྭ་རྣམས་ལ་འཚམས་འདྲི་ཞུས་པར་མ་ཟད་དགའ་ཞེན་ལྔ་དང་བརྩི་སྲུང་གཉིས། འགན་ཁུར་གསུམ་བཅས་ཀྱི་སློབ་སྦྱོང་བྱེད་སྒོའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་གསན་པ་རེད།

          ཧུའུ་ཁྲང་ཧྲེང་གིས་ཡུན་རིང་པོར་ལྔ་མཆོད་དགོན་པའི་རྒྱ་ཆེའི་བླ་གྲྭ་ཚོས་ཏང་དང་སྲིད་གཞུང་གི་འགོ་ཁྲིད་ལ་བརྩི་སྲུང་དང་། ཏང་གི་ཆོས་ལུགས་སྲིད་ཇུས་ལ་བརྩི་སྲུང་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་ཆོས་ཁྲིམས་དང་འདུལ་ཁྲིམས་སྲུང་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ཧུར་ཐག་གིས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཞུགས་ཏེ་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མིག་དཔེ་ཡག་པོ་ཞིག་བཟོས་ཡོད། ལྔ་མཆོད་དགོན་པས་མ་སྐུལ་དང་བླངས་དང་ཧུར་ཐག་གིས་སློབ་སྦྱོང་བྱེད་སྒོ་མུ་མཐུད་ནས་ཟབ་སྤེལ་བྱས་ཏེ་དགོན་པ་འཆམ་མཐུན་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1