བོད་ལྗོངས་ཀྱིས་ཁྲིམས་འཛུགས་བྱས་ཏེ་ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


          བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་བོད་ལྗོངས་ཀྱིས་《ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་དང་ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག》ཅེས་པ་བཟོས་ཏེ་ཕོ་བྲང་པོ་ཏ་ལར་ཁྲིམས་སྐྱོང་གི་ལམ་བུ་བརྒྱུད་སྲུང་སྐྱོང་བྱ་རྒྱུ་རེད།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས། བོད་ཀྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་ཕྱིར། 2014ལོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་《 བོད་རང་སྐྱོང་ལྗོངས་ཀྱི་〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོས་མིན་ཤུལ་བཞག་རིག་གནས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས།》ཞེས་པ་བཟོས་ཏེ། ཁྲིམས་ལུགས་ཀྱི་ཐོག་ནས་དངོས་མིན་ཤུལ་བཞག་རིག་གནས་ལ་བརྟག་དཔྱད་དང་། རྒྱུད་འཛིན། ཁྱབ་སྤེལ་བཅས་ཀྱི་ཐད་འགན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1