གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༡ཚེས་༢༦ཉིན།

རིག་གནས་པུའུ་ཡིས་ཕྱོགས་གསུམ་ནས་སྤྱི་པའི་རིག་གནས་ཞབས་ཞུ་འདྲ་མཉམ་ལ་སྐུལ་འདེད་བྱ་རྒྱུ་རེད།

                སྤྱི་ཟླ་1པོའི་ཚེས་21ཉིན། ཀྲུང་གོའི་གསར་འགྱུར་དྲ་བས་པེ་ཅིང་དུ་གནས་ཚུལ་སྤེལ་དོན། ཀྲུང་གོའི་རིག་གནས་པུའུ་ཡི་པུའུ་ཀྲང་ཟུར་པ་དབྱང་ཀྲི་ཅིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག རིག་གནས་པུའུ་ཡིས་གྲོང་ཁྱེར་དང་ཡུལ་ཤོག་འདྲ་མཉམ། ས་ཁོངས་འདྲ་མཉམ། ཚོགས་པ་འདྲ་མཉམ་བཅས་ཕྱོགས་གསུམ་ནས་སྤྱི་པའི་རིག་གནས་ཞབས་ཞུ་འདྲ་མཉམ་ལ་སྐུལ་འདེད་བྱ་རྒྱུ་ཡིན་ཞེས་བསྟན།

             ཉེ་སྔོན་ཀྲུང་གོའི་གཞུང་ཕྱོགས་ནས་《དེང་རབས་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་མགྱོགས་མྱུར་ངང་འཛུགས་བསྐྲུན་སྐོར་གྱི་བསམ་འཆར།》འགྲེམ་སྤེལ་གནང་ནས། ཀྲུང་གོའི་སྤྱི་བོའི་རིག་གནས་ཞབས་ཞུ་མ་ལག་གི་སྒྲིག་སྲོལ་གཏན་འཁེལ་གསལ་བོ་གནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་ཚེས་21ཉིན། གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་བསྐྲུན་སོགས་ཀྱི་གནས་ཚུལ་སྐོར་ངོ་སྤྲོད་གནང་ཡོད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1