ཁྲའོ་ཞན་གྱིས་རྒྱང་སྐོར་འཕུར་མདེལ་གསར་པ་འཕངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-15



     ཤིན་ཧྭ་གསར་འགྱུར་ཁང་ཕིན་དབྱང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་13ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་11དང་ཚེས་12ཉིན་ཁྲའོ་ཞན་རྒྱལ་སྲུང་ཚན་རིག་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་རྒྱང་རིང་སྐོར་ཞིབ་འཕུར་མདེལ་ཚོད་གཏོང་བྱས་པར་ལེགས་གྲུབ་བྱུང་བ་རེད། 
     གནས་འཕྲིན་སྤེལ་བར་གཞིགས་ན། འཕེན་གཏོང་བྱས་པའི་རྒྱང་རིང་སྐོར་ཞིབ་འཕུར་མདེལ་འཕུར་སྐྱོད་ཀྱི་འཕུར་སྐྱོད་སྐར་ཆ་7580ཟིན་ནས་སྤྱི་ལེ་1500ཡི་ཕྱི་རོལ་དུ་གཏན་འཁེལ་བྱས་པའི་དམིགས་ཚད་ལ་གནད་ལ་འཁེལ་པོས་རྡུང་རྡེག་བཏང་ཡོད། ཚོད་གཏོང་བྱས་འབྲས་ལས་མངོན་པར། ཞིབ་འཇུག་གསར་སྤེལ་བྱས་པའི་སྒྲོ་གཤོག་རླུང་འཁོར་གྱི་རྔ་རླུང་རྣམ་པའི་སྒུལ་བྱེད་འཕྲུལ་འཁོར་གྱི་སྐུལ་འདེད་ནུས་པ་སོགས་ལག་རྩལ་དམིགས་ཚད་དང་། འཕུར་མདེལ་གྱི་འཕུར་སྐྱོད་ཚོད་འཛིན་ནུས་པ། དེ་བཞིན་མཐའ་སྣེ་སྣེ་ཁྲིད་ཀྱི་འཕེན་ཚད་སོགས་ཚང་མ་ཇུས་འགོད་ཀྱི་དགོས་མཁོ་སྐོང་ཡོད་པ་རེད། 
     ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གོ་མཚོན་མ་ལག་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་ཁྲའོ་ཞན་གྱིས་དེ་བས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་དང་དགྲར་འཛིན་སྟོབས་ཤུགས་ཀྱིས་ཁྲའོ་ཞན་ལ་ངོ་རྒོལ་བྱེད་པའི་དམག་དོན་བྱ་སྤྱོད་ལ་འགོག་གནོན་ནུས་ལྡན་བྱེད་པའི་ཐད་སླར་ཡང་བཀག་འགོག་གི་བྱ་ཐབས་ཤིག་ཡོད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1