བོད་ལྗོངས་དམངས་ཆེན་དུ་བྱ་གཏོར་བདག་དམ་ཁྲིམས་སྲོལ་གཏན་འབེབས་མཛད་པའི་གྲོས་གཞིར་གྲོས་འཆམ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-27


 

                  སྤྱི་ཟླ་1པོའི་ཚེས་23ཉིན།  བོད་ལྗོངས་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཞིབ་ལས་《བོད་རང་སྐྱོང་ལྗོངས་བྱ་གཏོར་བདག་དམ་ཁྲིམས་སྲོལ།》གཏན་འབེབས་དང་འབྲེལ་བའི་གྲོས་གཞི་ལ་གྲོས་འཆམ་བྱུང་། འདི་ནི་བོད་ལྗོངས་སུ་ཐོག་དང་པོར་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་བྱ་གཏོར་བདག་དམ་བྱས་པ་རེད།

          《བོད་རང་སྐྱོང་ལྗོངས་བྱ་གཏོར་བདག་དམ་ཁྲིམས་སྲོལ།》ཁྲོད་དུ་བྱ་གཏོར་གྱི་ཆོ་ག་དང་། དུར་ཁྲོད་བདག་དམ་དང་ཉེ་འཁོར་ཁོར་ཡུག་སྲུང་སྐྱོབ། རྟོག་ལྡན་ཐག་གཅོད་བཅས་ཀྱི་ནང་དོན་འདུས།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྱི་ཚབ་བྱེད་མི་དོན་འདེམས་བསྐོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁྲིམས་སྲོལ་འདིའི་གྲོས་གཞི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མི་རིགས་ཆོས་ལུགས་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཕུལ་ནས་གྲོས་ཞིབ་བྱ་རྒྱུ་ཡིན་ལ། དེ་ནས་རང་སྐྱོང་ལྗོངས་དམངས་ཆེན་ཨུ་ལྷན་ལ་གྲོས་ཞིབ་མཇུག་འབྲས་སྤྲོད་རྒྱུ་རེད་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1