ཨ་རིའི་སྲིད་འཛིན་ཨོ་པཱ་མས་མ་ཧཱ་གྷན་དྷིའི་བང་སོ་ལ་མཇལ་ཞུ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-27


ཨ་རིའི་སྲིད་འཛིན་ཨོ་པཱ་མས་མ་ཧཱ་གྷན་དྷིའི་བང་སོ་ལ་མཇལ་ཞུ་གནང་བཞིན་པའི་ཡུལ་དངོས།

2015ལོའི་སྤྱི་ཟླ་1པོའི་ཚེས་25ཉིན། རྒྱ་གར་གྱི་རྒྱལ་ས་དྷེ་ལི་གསར་བ་ནས་ཨ་རིའི་སྲིད་འཛིན་ཨོ་པཱ་མས་མ་ཧཱ་གྷན་དྷིའི་བང་སོ་ལ་མཇལ་ཞུར་ཕེབས་ཤིང་། རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་དོན།  སྤྱི་ཚེས་25ཉིན། རྒྱ་གར་གྱི་རྒྱལ་ས་དྷེ་ལི་གསར་བ་རུ་ཨ་རིའི་སྲིད་འཛིན་ཨོ་པཱ་མ་དང་རྒྱ་གར་གྱི་ཙུང་ལི་མོ་ཏི་རྣམ་གཉིས་ཀྱིས་གྲོས་ཚོགས་འཚོགས་ཡོད་ལ། ཉིན་དེའི་སྔ་དྲོ་ནས་ཨོ་པཱ་མ་རྒྱ་གར་དུ་སླེབས་ནས་ཉིན་གསུམ་རིང་གི་རྒྱལ་དོན་འཚམས་འདྲིའི་འགོ་བརྩམས་ཡོད།

སྤྱི་ཚེས་25ཉིན་གྱི་སྔ་དྲོར། ཨོ་པཱ་མ་དང་ཁོང་གི་ལྕམ་མོ་སྨི་ཞེ་ཨེར་གཉིས་ཆེད་སྤྱོད་གནམ་གྲུའི་ནང་བཞུགས་ཏེ་རྒྱ་གར་གྱི་རྒྱལ་ས་དྷེ་ལི་གསར་བ་རུ་སླེབས་ཤིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་སྔོན་བསུ་བྱས་ཡོད་པ་དང་། དེ་རྗེས་མོ་ཏི་ཡིས་ཨོ་པཱ་མ་ལ་དགོང་མོའི་གསོལ་སྟོན་གྱ་ནོམ་པས་སྣ་ལེན་བྱས་ཤིང་། དགོང་ཚིགས་སྐབས་སུ་ཕྱོགས་གཉིས་ཀྱིས་རྒྱལ་དོན་གྲོས་མོལ་བྱས། སྤྱི་ཟླ་1པོའི་ཚེས་26ཉིན།  ཨོ་པཱ་མ་རྒྱ་གར་གྱི་རྒྱལ་ཁབ་དབུ་བརྙེས་དུས་ཆེན་བྱེད་སྒོའི་ཐོག་ཞུགས་ཡོད།  གནས་ཚུལ་ལྟར་ན། ཨོ་པཱ་མ་ནི་ལོ་རྒྱུས་ཐོག་རྒྱ་གར་གྱི་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་བྱེད་སྒོར་ཞུགས་མཁན་གྱི་ཨ་རིའི་སྲིད་འཛིན་ཐོག་མ་དེ་ཡིན་ལ། ཁོང་གིས་སྲིད་འཛིན་འགན་བཞེས་པའི་རིང་ཐེངས་གཉིས་ལ་རྒྱ་གར་དུ་འཚམས་འདྲིར་ཕེབས་པའི་ཨ་རིའི་སྲིད་འཛིན་ཐོག་མ་ཡང་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1