བོད་ལྗོངས་ཀྱི་རླངས་འཁོར་ཉོ་མཁན་ལ་ཁ་གསབ་མཐོ་ཤོས་སྒོར་15000སྟེར་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-18



     རླངས་འཁོར་ཉོ་འདོད་ཡོད་མཁན་གྱིས་དོ་སྣང་བྱེད་རོགས། ལྷ་ས་གྲོང་ཁྱེར་གྱིས“ལྷ་སར་བརྩེ་བས་ཁེངས། དགའ་བས་འཛད་སྤྱོད་བྱེད”ཅེས་པའི་རླངས་འཁོར་བྲིན་ཚོང་བྱེད་སྒོ་སྤེལ་ཉེར་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་སྒོར་ཁྲི་3000བཏང་ནས་བྱེད་སྒོའི་ཁ་གསབ་ཐད་སྤྱོད་རྩིས་ཡོད་པ་དང་། ཡང་ཁྱེད་རང་ལ་རོགས་པ་བྱས་ནས་དངུལ་མང་པོ་གྲོན་ཆུང་ཐུབ་ཀྱི་ཡོད། བྱ་འགུལ་ནང་ཇི་ལྟར་ཞུགས་པར་མགྱོགས་པོར་ལྟོས་དང་། ཁ་གསབ་སྒོར་ག་ཚོད་བྱེད་ཐུབ་བམ། 
     བྱ་འགུལ་གྱི་དུས་ཚོད་ནི། ཟླ་9ཚེས་18ཉིན་ནས་ཟླ་11ཚེས་30ཉིན་གྱི་བར་ཡིན། 
     ཁ་གསབ་ཀྱི་ཚད་གཞི་ནི། ད་རེས་ཀྱི་བྱེད་སྒོ་སྤེལ་རིང་། འཛད་སྤྱོད་པས་རྒྱལ་ཁབ་བསྡོམས་རྩིས་དྲ་སྦྲེལ་ཐོག་ནས་ཐད་ཀར་སྙན་སེང་ཞུ་བའི་ལས་སྟེགས་སུ་བཅུག་ནས་མཛོད་དུ་བཅུག་པའི་བཅད་གྲངས་ཡན་གྱི་ཁེ་ལས་ཀྱིས་རླངས་འཁོར་ཉོ་སྐབས་ཚོང་པའི་ཕབ་གཅོག་ལོངས་སྤྱོད་བྱེད་པ་ཕུད་ད་དུང་སྲིད་གཞུང་གི་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། ཁ་གསབ་དེ་རླངས་འཁོར་ཉོས་པའི་པ་སེའི་སྟེང་གི་རིན་གོང་གཞི་འཛིན་ས་བྱེད་པ་དང་། ཁ་གསབ་ཀྱི་ཚད་གཞི་ནི་ལྷ་ས་གྲོང་ཁྱེར་དུ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་འཇལ་བའམ་ཡང་ན་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་དཔང་ཡིག་སྤྲོད་དགོས་པ་ཡིན། རླངས་འཁོར་རིན་གོང་སྒོར་ཁྲི་5(སྒོར་ཁྲི་5ཚུད་པ)ནས་སྒོར་10ཡི་བར་ལ་ཁ་གསབ་སྒོར་5000སྟེར།  རླངས་འཁོར་རིན་གོང་སྒོར་ཁྲི་10(སྒོར་ཁྲི་10ཚུད་པ)ནས་སྒོར་ཁྲི་20ཡི་བར་ལ་ཁ་གསབ་སྒོར་10000སྟེར། རླངས་འཁོར་རིན་གོང་སྒོར་ཁྲི་20(སྒོར་ཁྲི་20ཚུད་པ)ཡན་ལ་ཁ་གསབ་སྒོར་15000སྟེར།
     དོ་སྣང་བྱེད་དགོས་པ་ཞིག་ནི། ལྷ་ས་གྲོང་ཁྱེར་ཕུད་པའི་ས་ཁུལ་དུ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་སྤྲོད་པའམ་ཡང་ན་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་དཔང་ཡིག་སྤྲད་རིགས་ཁ་གསབ་ལོངས་སྤྱོད་རྒྱུ་མེད། 
     མི་གང་དག་ཞུགས་ཆོག་གམ། ལྷ་སའི་མི་སྣ(གྲོང་ཁྱེར་གྱི་ཕྱི་ནས་ལྷ་སར་ཡོང་བའི་མི་སྣ་ཚུད་པ)ཚང་མ་བྱེད་སྒོ་དེར་ཞུགས་ཆོག་གི་ཡོད་པ་རེད། 
     རླངས་འཁོར་ཉོས་རྗེས་ཁ་གསབ་ཅི་ལྟར་བྱེད་དམ། འཛད་སྤྱོད་པས་དམིགས་འཛུགས་བྱས་པའི་ཚོང་བདག་ས་ནས་རླངས་འཁོར་ཉོས་པ་དང་འབྲེལ་འབྲེལ་ཡོད་འགྲོ་ལུགས་གཉེར་རྗེས། ཡུན་ཧྲན་ཧྥུ་སྟེགས་བུའི་ཐོག་ཐོ་འགོད་བྱས་ནས་རླངས་འཁོར་ཉོས་པའི་དཔྱད་གཞི་བརྒྱུད་སྤྲོད་བྱེད་དགོས། ཀྲུང་གོ་དངུལ་ཁང་གཱ་མཉམ་འབྲེལ་ལྷན་ཚོགས་བོད་ལྗོངས་ཡན་ལག་ཀུང་སིས་འཛད་སྤྱོད་པའི་ཡར་སྤྲོད་དཔྱད་ཡིག་ལ་ཐོག་མའི་ཞིབ་བཤེར་བྱ་རྒྱུའི་འགན་འཁུར་རྒྱུ་དང་། རང་སྐྱོང་ལྗོངས་རླངས་འཁོར་མཐུན་ཚོགས་ཀྱིས་འཛད་སྤྱོད་པས་ཡར་སྤྲད་པའི་དཔྱད་ཡིག་ལ་བསྐྱར་ཞིབ་བྱ་རྒྱུ་རེད། ཞིབ་བཤེར་གཏན་འབེབས་བྱས་མེད་པའི་འཛད་སྤྱོད་པས་དཔྱད་ཡིག་བཟོ་བཅོས་བརྒྱབ་རྗེས་བསྐྱར་དུ་སྤྲོད་དགོས། བསྐྱར་ཞིབ་བྱས་པ་བརྒྱུད། ལས་སྟེགས་ཀྱིས་ཚད་གཞི་ལྟར་འཛད་སྤྱོད་པར་ཁ་གསབ་མ་དངུལ་སྤྲོད་རྒྱུ་རེད། ཞིབ་དཔྱད་བྱས་རྗེས་ལས་ཀའི་ཉིན་གྲངས་10ཡི་ནང་ལས་སྟེགས་ཀྱིས་ཁ་གསབ་མ་དངུལ་འཛད་སྤྱོད་པའི་དམིགས་འཛུགས་རྩིས་ཁྲར་ཐོན་རྒྱུ་རེད།
     འཛད་སྤྱོད་པས་མཁོ་འདོན་བྱ་དགོས་པའི་ཡིག་ཆ། 
     གཅིག དངུལ་ཁང་བྱང་བུའི་རྩིས་ཁྲའི་ཨང་གྲངས། (གཱ་རིགས་གཅིག་མཁོ་འདོན་བྱས་ན་ཆོག)
     གཉིས། རླངས་འཁོར་ཉོས་པའི་འཛིན་ཤོག(འཛིན་ཤོག་སྡེ་ཚན་ནི་དམིགས་འཛུགས་བྱས་པའི་ཚོང་བདག་ཡིན་ཞིང་། འཛིན་ཤོག་སྤྲོད་པའི་དུས་ཚོད་ནི་བྱེད་སྒོ་སྤེལ་བའི་དུས་ཚོད་ནང་ཡིན་དགོས།) 
     གསུམ། རླངས་འཁོར་ཉོས་ནས་ཁྲལ་བཅལ་བའི་དཔང་ཡིག་གམ་ཡང་ན་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་དཔང་ཡིག(ར་སྤྲོད་ཡི་གེ་ངེས་པར་དུ་ལྷ་ས་གྲོང་ཁྱེར་ནས་འབྲི་དགོས།) 
     བཞི། རླངས་འཁོར་ཉོ་མཁན་གྱིས་རླངས་འཁོར་ཉོ་བ་དང་ཁ་གསབ་རེ་ཞུའི་འབྲེལ་ཡོད་ཆ་འཕྲིན(རླངས་འཁོར་ཕྱིར་ཚོང་ཁེ་ལས་དང་། རླངས་འཁོར་ཉོས་པའི་དངུལ་གྲངས་ལྟར་ཁ་གསབ་ཀྱི་དངུལ་གྲངས་རེ་ཞུ་བྱེད་དགོས།) 
     ལྔ། འཕྲུལ་སྒུལ་རླངས་འཁོར་འགྲིམ་འགྲུལ་དོན་རྐྱེན་གྱི་བཙན་ཤེད་འགན་འཁུར་ཉེན་འགོག་འགན་ལེན་འཛིན་ཤོག
     དྲུག ཡིག་ཆ་དོན་དངོས་ཡིན་པའི་དམ་བཅའི་ཡི་གེ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1