ལྷ་རིས་པ་ཀླུ་འབུམ་ཚེ་རིང་ལགས་ཀྱི་ཐང་གའི་བརྩམས་ཆོས་བདམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


ཀླུ་འབུམ་ཚེ་རིང་། སྤྱི་ལོ་1971ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་བསེ་ཆུ་མ་སྡེ་བར་སྐྱེས། ཁོང་གིས་རང་ལོ་11ནས་བཟུང་། སེང་གེ་གཤོང་ཡ་མགོ་སྡེ་བའི་ཤ་བོ་བློ་བཟང་སོགས་རེབ་གོང་ཕྱོགས་ཀྱི་གྲགས་པ་དོན་ལྡན་གྱི་ལྷ་རིས་པ་མང་པོ་ཞིག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ཆ་ཐམས་ཅད་ལ་ནང་བྱན་ཆུབ་པར་སྦྱངས་པའི་དན་རྟགས་སུ། 2007ལོར་མཚོ་སྔོན་ཞིང་ཆེན་གྱི་རེབ་གོང་ཐང་གའི་འགྲེམ་སྟོན་དུ་ཁོང་གི་བརྩམས་ཆོས༼འོད་དཔག་མེད་ཀྱི་ཞིང་བཀོད།༽ཀྱི་ཐང་གར་ཁྱད་འཕགས་བྱ་དགའ་ཐོབ། 2008ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་ཐང་ག་འགྲེམ་སྟོན་དུ་ཁོང་གི་བརྩམས་ཆོས༼འཇམ་པའི་དབྱངས།༽ཀྱི་ཐང་གར་ཁྱད་འཕགས་བྱ་དགའ་ཐོབ། 2010ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་ཐང་ག་འགྲེམ་སྟོན་སྐབས་གསུམ་པར་ཁོང་གི་བརྩམས་ཆོས༼ཚེ་དཔག་མེད།༽ཀྱི་ཐང་གར་བྱ་དགའ་ཐོབ། 2014ལོར་ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ལས་ཁོང་གི་བརྩམས་ཆོས༼སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།༽གི་ཐང་གར་དངུལ་གྱི་རྟགས་མ་ཐོབ། 2015ལོར་སྐབས་གཉིས་པའི་ཀྲུང་གོའི་རེབ་གོང་ཐང་ག་འབྲི་བཞེངས་ཀྱི་འགྲན་བསྡུར་ཆེན་མོ་ལས་ཁྱད་འཕགས་བྱ་དགའ་བླངས། 2016ལོར་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ“རྒྱལ་ཁབ་ཆེན་མོའི་གཟུགས་འདས་རིག་གནས་བཟོ་རྩལ་གྱི་ཐང་གའི་འགྲེམ་སྟོན”དུ་ཞུགས་པ་སོགས། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ། ཞིང་ཆེན་དང་ཁུལ། རྫོང་རིམ་པ་སོགས་ཀྱི་ཐང་གའི་འགྲན་བསྡུར་གྱི་བྱ་འགུལ་མང་པོར་ཞུགས་ཏེ་བྱ་དགའ་དང་གཟེངས་བསྟོད་མང་པོ་ཐོབ། 

གདུགས་དཀར།

2008ལོར་རེབ་གོང་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་། 2013ལོར་ཁུལ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལས་རེབ་གོང་སྒྱུ་རྩལ་གྱི་དཔེ་མཚོན་རྒྱུད་འཛིན་པ། 2014ལོར་ཁུལ་རིམ་པའི་དམངས་ཁྲོད་ཀྱི་བཟོ་རྩལ་སློབ་དཔོན་ཆེན་མོ་དང་ལྷ་རིས་པའི་སློབ་དཔོན་ཆེན་མོར་བདམས། 2016ལོར་རྨ་ལྷོ་ཁུལ་རེབ་གོང་རིག་གནས་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། 2018ལོར་རེབ་གོང་རིག་གནས་མཐུན་ཚོགས་ཀྱིས་ཐང་ག་གསལ་འབྱེད་ཀྱི་ཆེད་མཁས་པ་དང་། 2020ལོར་ཁུལ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལས་རེབ་གོང་སྒྱུ་རྩལ(ཐང་གའི་སྐྱ་ཐིག)གྱི་དཔེ་མཚོན་རྒྱུད་འཛིན་པར་བདམས་ཤིང་། གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་དྲིལ་སྒྲོག་བྱེད་གནས་ཀྱི་དུད་ཚང་དུ་གཏན་འཁེལ་བྱས། ལྷག་པར་དུ་2016ལོར་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་དཔེ་སྟོན་དུད་ཚང་གི་གྲས་སུ་ཚུད་ཅིང་། 2020ལོར་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གཉིས་པའི་སློབ་དཔོན་ཆེན་མོའི་ཆོ་ལོ་བསྩལ་བ་སོགས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས། ཆེད་མཁས་མི་སྣ་སོགས་ཀྱིས་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་གནང་། 

ཛམ་སེར།

སློབ་དཔོན་ཆེན་མོ་ལྷ་རིས་པ་ཀླུ་འབུམ་ཚེ་རིང་ལགས་ཀྱིས་ཐང་ག་བཞེངས་པ་ནི་རང་ཉིད་ཀྱི་འཚོ་ཚིས་དོན་དུ་གཉེར་བའི་ཆེད་ཁོ་ན་ཙམ་མ་ཡིན་པར། འདི་ནི་བོད་ཀྱི་ཐང་གའི་རིག་གནས་རྒྱུན་འཛིན་དང་གོང་སྤེལ་གྱི་བྱ་གཞག་གལ་ཆེན་ཞིག་ཏུ་བརྩིས་ཏེ། ན་ཚོད་ཆེ་རུ་ཕྱིན་ཀྱང་ད་དུང་ཐང་ག་འབྲི་བཞེངས་ཀྱི་ལས་ལ་འབད་པ་ལྷུར་ལེན་བྱེད་ཅིང་། ཐང་ག་འབྲི་བཞེངས་ཀྱི་ལས་ལ་མོས་པ་ཡོད་པའི་བློ་གསལ་དོན་གཉེར་ཅན་དག་ལ་སློབ་ཡོན་སྐར་གང་ཡང་མི་ལེན་པར་འཚོ་བའི་མཐུན་རྐྱེན་ལེགས་པར་སྦྱར་ཏེ། ཐང་གའི་རིག་གནས་དེ་ཚང་ལ་མ་ནོར་བར་བུམ་པ་གང་བྱོའི་ཚུལ་གྱིས་སློབ་མ་མང་དུ་སྐྱོང་བཞིན་མཆིས་སོ། ། 

སྤྱན་རས་གཟིགས་ཕྱག་བཞི།

སྒྲོལ་མ་ཉེར་གཅིག

སློབ་དཔོན་པད་འབྱུང་།

སྨན་ལྷ།

མ་ཅིག་ཁྲོས་མ་ནག་མོ།

འཇིགས་བྱེད།

རྣམ་སྲས་རྟ་བརྒྱད།


རྩོམ་ཡིག་སྔོན་མ།
མ་ཡུམ་སློབ་གྲྭ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1