སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་ཁྲེན་ཏུའུ་རུ་འཚོགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-28


            སྤྱི་ཟླ་1པོའི་ཚེས་26ཉིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་གྲོས་ཚོགས་ཐེངས་གསུམ་པ་དེ་ཁྲེན་ཏུའུ་རུ་འཚོག་འགོ་བརྩམས་ཤིང་། ཚོགས་འདུའི་སྟེང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་དགེ་མཚན་ལྡན་པའི་བསམ་འཆར་འདོན་པ་དང་། གཞི་རྒྱ་ཆེ་བའི་གྲོས་མོལ་བྱས་ཏེ། སི་ཁྲོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་བཞི་ཞེས་པ་སྐུལ་སྤེལ་གཏོང་བའི་ཐད་དུ་བྱས་རྗེས་གསར་པ་འཇོག་རྒྱུ་རེད།

          ཝང་ཏུང་མིང་དང་ཝེ་ཧུང་། ཁོ་ཙུན་ཕིང་། ཁྲིན་ཕིང་ཧྭ་བཅས་གྲོས་ཚོགས་སུ་ཕེབས་ཤིང་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ། ཡན་ཡུང་ཧོ་ཡིས་སྲིད་གྲོས་རྒྱུན་ཨུའི་གྲོས་ཚོགས་ཀྱི་ལས་ཀའི་སྙན་ཞུ་ཕུལ་ཡོད་པ་དང་། དབྱང་ཞིང་ཕིང་གིས་གྲོས་གཞི་ལས་ཀའི་གནས་ཚུལ་སྙན་ཞུ་ཕུལ།

           སྙན་ཞུའི་ནང་དུ་ཕྱོགས་བདུན་ནས་2014ལོའི་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ལས་ཀར་ཕྱོགས་བསྡོམས་བྱས་ཡོད་ཅིང་། དུས་རབས་གསར་པའི་འོག་གི་སྲིད་གྲོས་ཀྱི་ལས་ཀ་ཡག་པོར་བསྒྲུབ་དགོས་ན། ངེས་པར་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏང་དགོས་ལ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དེ་བསམ་བློའི་སྲོག་ཤིང་དང་ཡིད་རྟོན་གྱི་གཞི་མ་རུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གྱིས་བསྟན། སྙན་ཞུའི་ནང་ཡང་བསྐྱར། 2015ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྒྲིག་སྲོལ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་ཤིན་ཏུ་ལྕི་བའི་ལོ་ཞིག་ཀྱང་ཡིན་ཞེས་བསྟན། །

          ཐེངས་འདིའི་གྲོས་ཚོགས་སུ་སྤྱིར་ཨུ་ཡོན་མི་སྣ་881ཐོན་དགོས་པ་ལས་དོན་དངོས་ཐོག་ཨུ་ཡོན་མི་སྣ་842འབྱོར་ཡོད་པས། སྲིད་གྲོས་ཀྱི་སྒྲིག་ཡིག་གཏན་འབེབས་བྱེད་པའི་ཆ་རྐྱེན་དང་འཚམས་ཀྱི་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1