གཙོ་ངོས།>> པར་སྐྲུན།>>ཁ་བཏགས་དཀར་པོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༨ཉིན།

རྒྱལ་འཛུགས་ཀྱི་ལེའུ།

ཏང་གི་ལོ་རྒྱུས་ཤེས་བྱ་།
སྔོན་འགྲོའི་གཏམ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ངེད་དུས་དེབ་ཏུ”ཏང་གི་ལོ་རྒྱུས་སློབ་སྦྱོང“ཞེས་པའི་ཆེད་དོན་ལེ་ཚན་སྤེལ་ཏེ། ཏང་གི་ལོ་བརྒྱའི་འཕེལ་རྒྱས་བརྒྱུད་རིམ་དང་། ཏང་གི་དོན་རྐྱེན་གལ་ཆེན། དེ་མིན་དུས་སྐབས་སོ་སོའི་དཔེ་མཚོན་དོན་རྐྱེན་དང་ལོ་རྒྱུས་མི་སྣ། གཏམ་རྒྱུད་ངོ་མཚར་ཅན་སོགས་གཞིར་བཟུང་ནས། ཏང་གི་རླབས་ཆེན་བརྒྱུད་རིམ་དང་གཟི་བརྗིད་ལྡན་པའི་གྲུབ་འབྲས་ལ་ཕྱིར་མིག་ལྟ་བར་འཚལ།
གྲོས་མོལ་རྒྱལ་འཛུགས་ཀྱིས་མི་དམངས་བདག་པོ་བྱས།

1949ལོའི་ཟླ་10པའི་ཚེས་1ཉིན་ལ། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། པེ་ཅིན་གྱི་ལས་རིགས་སོ་སོའི་མང་ཚོགས་ཁྲི་སུམ་ཅུ་གནས་འདིར་འཛོམས་ཤིང་། ཁོ་ཚོས་སྤྲོ་སེམས་འཁོལ་བའི་ངང་མཉམ་དུ་དུས་བཟང་འདི་སླེབས་པར་དགའ་བསུ་དང་རྟེན་འབྲེལ་ཞུས། གནམ་བདེ་སྒོ་མོ་ཆེའི་མཁར་རྫོང་ཐོག་ཏུ། མའོ་ཙེ་ཏུང་གིས་རྔམ་བརྗིད་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས། དུས་དེ་ནས་བཟུང་ཀྲུང་གོས་ལོ་ངོ་བརྒྱ་ལྷག་བཙན་འཛུལ་དང་གཉའ་གནོན་གྱི་བརྙས་བཅོས་མྱོང་བའི་ལོ་རྒྱུས་མཇུག་བསྒྲིལ་ཏེ་རང་བཙན་རང་བདག་གི་རྒྱལ་ཁབ་ངོ་མར་གྱུར་པ་དང་། ཀྲུང་གོའི་མི་དམངས་ཡར་ལངས་ཐུབ་པ་བྱུང་།
ཨ་འགོག་ཁྲའོ་རོགས་ལས་ཁྱིམ་སྲུང་རྒྱལ་སྐྱོབ་བྱས། 

1950ལོར། ཨ་མེ་རི་ཁའི་དམག་གིས་གཙོ་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་དམག་དཔུང་གིས་འཛེམ་བག་མེད་པར་གསུམ་བརྒྱད་ཐིག་མཚམས་ལས་བརྒལ་ཏེ། དམག་འཁྲུག་གི་མེ་ལྕེ་ཡ་ལུའུ་གཙང་པོའི་འགྲམ་དུ་བསྲེགས། དེས་མ་ཚད་ཨ་རིའི་དམག་གིས་གཙོས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དཔུང་གིས་ད་དུང་གནམ་གྲུ་མངགས་ནས་ཀྲུང་གོའི་མངའ་ཁོངས་བར་སྣང་ལ་ཐེངས་མང་བཙན་འཛུལ་བྱས་པ་དང་། རང་རྒྱལ་གྱི་ཏན་ཏུང་ས་ཁུལ་ལ་འབར་མདེལ་འཕངས་པས། རང་རྒྱལ་གྱི་མངའ་ཁོངས་དང་མངའ་ཁོངས་བར་སྣང་གི་བདག་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ་རེད། 1950ལོའི་ཟླ་10པར། རང་རྒྱལ་གྱིས་ཁྲའོ་ཞན་སྲིད་གཞུང་གི་རེ་ཞུ་ལྟར། ཕེང་ཏེ་ཧོའེ་དམག་སྤྱི་ཆེན་མོར་བསྐོས་ཏེ། མགྱོགས་མྱུར་ངང་ཀྲུང་གོ་མི་དམངས་དང་བླངས་དམག་རྩ་འཛུགས་བྱས་ནས་ཁྲའོ་ཞན་དུ་དམག་འཁྲུག་ཏུ་ཞུགས། ཚ་ཚ་འུར་འུར་གྱི་ཨ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་འགོ་བརྩམས་པ་རེད། དུས་ཡུན་ལོ་གཉིས་ལྷག་གི་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ཁྲོད། དང་བླངས་དམག་གྲངས་ལས་འདས་པས་ཁྲག་བཏོན་དམར་འཛིང་བྱས་ནས་རང་སྲོག་བློས་གཏོང་ཆེན་པོ་བྱས་ཏེ། ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་འགྲན་ཟླ་བྲལ་བའི་ལྷ་སྒྲུང་རྡུལ་དུ་བརླག་པ་རེད།

དམངས་ཆེན་ཚོགས་ཆེན་དང་པོས་རྒྱལ་ཁབ་ཀྱི་གཞི་རྩ་བརྟན་པར་བྱས།

1954ལོའི་ཟླ་9པའི་ཚེས་15ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས། ཚོགས་འདུའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འཁྲུངས་ཤིང་། རྩ་ཁྲིམས་ལ་གཞིགས་ནས་རྒྱལ་ཁབ་སྒྲིག་གཞིའི་འགོ་ཁྲིད་པ་གསར་པ་བདམས་ཐོན་བྱུང་བ་དེའི་ཐོག་ནས་མི་དམངས་ཀྱི་གདམ་ག་གང་ལེགས་མཚོན་ཡོད། ཐེངས་འདིའི་གྲོས་ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཅིག་བསྡུས་ཐོག་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་ཡོད་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཏེ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་བཙུགས་པ་མཚོན་པར་མ་ཟད། ཕྱིས་ཀྱི“ཚོགས་ཆེན”གཉིས་ལའང་གཞི་རྩའི་སྒྲོམ་གཞི་བཏིངས་པ་རེད།
བཅོས་བསྒྱུར་གསུམ་གྱིས་གནམ་ས་བླ་འོག་བསྒྱུར། 


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་1952ལོའི་བར། རྒྱལ་ཁབ་ཀྱི་དཔལ་འབྱོར་ཁྱོན་ཡོངས་ནས་སླར་གསོ་བྱུང་བ་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྒྲིག་གཞིར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྒྱལ་གཉེར་དཔལ་འབྱོར་གྱིས་ཚོང་རའི་རང་དབང་བཟུང་ཡོད་པ་རེད། དེ་དུས་ཀྲུང་གོར་ཆབ་སྲིད་ཀྱི་ཐ་སྙད་ཅིག་དར་ཞིང་། དེར་ཅན་གཅིག་དང་བསྒྱུར་བཅོས་ཆེན་མོ་གསུམ་ཟེར། ཅན་གཅིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཅན་ཡིན་ཞིང་། དེ་ནི་དམིགས་འབེན་དང་གྲུབ་ཆ་གཙོ་བོ་ཡིན། བསྒྱུར་བཅོས་ཆེན་མོ་གསུམ་ནི་ཞིང་ལས་དང་ཁེར་རྐྱང་ལག་ཤེས་བཟོ་ལས་དང་། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱེད་པ་དེ་ཡིན།
ཚོགས་ཆེན་བརྒྱད་པས་གཙོ་གནད་གཏན་འཁེལ་བྱས། 

1956ལོ་ནི་ཀྲུང་གོའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་ལོ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱལ་སྤྱིའི་ཐོག་སྤྱི་ཡོངས་ཞི་ལྷོད་ཀྱི་ཕྱོགས་སུ་འཕེལ་བཞིན་ཡོད། རྒྱལ་ནང་དུ་བསྒྱུར་བཅོས་ཆེན་པོ་གསུམ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཞིང་། ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་རེད། སྐབས་འདིར་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་ཞིག་འཚོལ་ཞིབ་བྱ་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་གི་མདུན་དུ་བཏོན་ཡོད།
སྤྱི་ཟླ་9པའི་ཚེས་15ཉིན་ནས་ཚེས་27ཉིན་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་སྲིད་གྲོས་ཚོགས་ཁང་དུ་འཚོགས་པ་དང་། ཚོགས་ཆེན་དུ་ཏང་ཀྲུང་དབྱང་གི“ཚོགས་ཆེན་བདུན་པ”ཡི་ཚུན་གྱི་ལམ་ཐིག་ཡང་དག་ཡིན་པ་ཁས་ལེན་མཐའ་དག་གནང་བ་དང་། དུས་མཚུངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་ལེགས་གྲུབ་བྱུང་རྗེས། ཀྲུང་གོའི་གྲལ་རིམ་གྱི་འབྲེལ་བ་དང་རྒྱལ་ནང་གི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དབྱེ་ཞིབ་ཡང་དག་བྱས་ཏེ། ཏང་གི་ལས་དོན་གྱི་གཙོ་གནད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དུ་བསྒྱུར་རྒྱུ་གཏན་འཁེལ་བྱས། 

འབར་མདེལ་གཉིས་དང་འཁོར་སྐར་གཅིག་གིས་ལ་རྒྱ་དང་སྤོབས་པ་བསྩལ། 

དུས་རབས་གོང་མའི་ལོ་རབས50པའི་དུས་དཀྱིལ། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་ཀྱི་ཀྲུང་གོ་ཡོད་ཚད་འཕེལ་རྒྱས་འགྲོ་རྒྱུར་སྒུག་ཡོད་ལ། སྐབས་དེའི་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། བཙན་རྒྱལ་རིང་ལུགས་ཀྱི་དྲག་ཤུགས་ཀྱི་འཇིགས་སྐུལ་དང་ཉིང་རྡུལ་འཇིགས་སྐུལ་ལ་འགོག་རྒོལ་དང་། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་ཚན་པ་རབས་དང་པོས་སྐབས་དེའི་རྒྱལ་སྤྱིའི་གནས་བབ་ལ་གཞིགས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་ཆེད། གཟིགས་རྒྱང་རིང་བའི་སྒོ་ནས་རང་བཙན་རང་བདག་གིས་འབར་མདེལ་གཉིས་དང་འཁོར་སྐར་གཅིག་ཞིབ་འཇུག་དང་གསར་བཟོ་བྱ་རྒྱུའི་འཐབ་ཇུས་ཇུས་ཆོད་བློ་ཐག་ཆོད་པོས་བཅད་པ་རེད། ཕྱི་རྒྱལ་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་ཚན་རིག་པ་ཚུད་པའི་ཕུལ་དུ་བྱུང་བའི་ཚན་རྩལ་ལས་བྱེད་པ་འབོར་ཆེན་ཞིག་གིས་ཀྲུང་གོ་གསར་པར་དགའ་ཞེན་ཚད་མེད་བྱེད་པ་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བླ་ན་མེད་པའི་རླབས་ཆེའི་བྱ་བཞག་འདིའི་ནང་ཞུགས་ཡོད། 



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1