༄༅།། ཉག་རོང་གི་སྲོལ་རྒྱུན་དམངས་ཁྲོད་སྒེའུ་ཁུང་གི་མེ་ཏོག་བཀོད་པ།

ཀུན་བཟང་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-22




        ཉག་རོང་ནི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱི་ལོ་རྒྱུས་རིང་ཞིང་། ལག་རྩལ་ཁྱད་དུ་འཕགས་ལ། དེའི་ནང་དུ་འཇིམ་བརྙན་དང་། འབག་བཟོ། རྡོ་བརྐོས། རི་མོ་སོགས་ཀྱི་སྒྱུ་རྩལ་སྐད་གྲགས་ཆེ་ཤོས་ཡིན། ཀྲུང་གོའི་གནའ་བོའི་སྒེའུ་ཁུང་གི་མེ་ཏོག་སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་ཁྲོད་བརྐོས་རྒྱག་དང་། ཤོག་དྲས་འདྲ་གཟུགས། རི་མོ་འབྲི་རྒྱུ་སོགས་ཀྱི་ལག་རྩལ་ཡོད་ཅེས་བརྗོད་ཀྱི་ཡོད། འདིར་ངས་ཁེར་ཤིང་ཕྱོགས་ཁག་གི་ཉག་རོང་སྒེའུ་ཁུང་གི་མེ་ཏོག་གླེང་བར་བྱ།

        ཉག་རོང་སྒེའུ་ཁུང་གི་མེ་ཏོག་ནི་བརྐོས་པ་དང་རི་མོ་འབྲི་རྒྱུ་གཙོ་བོ་ཡིན། འོན་ཀྱང་མི་རིགས་ཀྱི་ཁྱད་ཆོས་འདུས་ཡོད་པས། དེ་ནི་མི་རིགས་གཞན་པའི་སྒེའུ་ཁུང་གི་མེ་ཏོག་དང་མི་འདྲ། དཔེར་ན་རྒྱ་རིགས་ཀྱིིས་ཤོག་དྲས་འདྲ་གཟུགས་ནི་སྒེའུ་ཁུང་སྟེང་སྦྱར་ཡོད། ཤིང་རྐོས་མ་ནི་སྒེའུ་ཁུང་སྟེང་བརྐོས་ཤིང་། ཁ་དོག་དང་ནང་དོན་ཅུང་སྣ་གཅིག་ཡིན་ཏེ། གཙོ་བོ་འབྲི་བྱ་མེ་ཏོག་དང་། རྩྭ། སྲོག་ཆགས། མི་སྣ་བཅས་ཡིན། ཡིན་ཡང་ཉག་རོང་སྒེའུ་ཁུང་གི་མེ་ཏོག་ནི་སྤྱི་མཚན་དུ་གྱུར་བའི་རི་མོ་འབྲི་རྒྱུ་གཙོ་བོ་ཡིན། དེའི་སྒོ་དང་སྒེའུ་ཁུང་གི་ལས་ཀ་ཡང་མི་རིགས་གཞན་དག་དང་མི་འདྲ། སྤྱིར་བཏང་གི་སྒོ་དང་སྒེའུ་ཁུང་ལ་སྒོ་སྒྲོམ་དང་སྒེའུ་ལམ་གཅིག་ལས་མེད། མང་ཤོས་ལའང་ལམ་གཉིས་གསུམ་ཙམ་ལས་མེད། ཉག་རོང་གི་སྒོ་སྒྲོམ་དང་སྒེའུ་ཁུང་གི་སྒྲོམ་ནི་གསུམ་ཡན་དང་མང་ཆེ་བ་ནི་བཞི་ནས་དྲུག་ཡོད། སྒོ་སྒྲོམ་དང་སྒེའུ་ཁུང་གི་བཟོ་དབྱིབས་མི་འདྲ་སྟེ། ལམ་དང་པོ་ནི་གྲུ་བཞི་དང་། གཉིས་པ་ནི་སྒོར་ཕྱེད་ཅན། ལམ་གསུམ་པ་ནི་འབུར་གཞོང་ཅན། བཞི་པ་ནི་ཀོང་འབུར་ཅན། ལྔ་པ་ནི་ཀོང་འབུར་ཐོག་ཁྲ་བཀོད་པ་དེ་ཡིན། ལམ་དྲུག་པ་ནི་ཀོང་ཚང་ཡི་གེ་ཁྲིའི་དྲ་མིག་ཅན་ཡིན། བང་རིམ་མང་བ་མ་ཟད་དབྱིབས་ཀྱང་མི་འདྲ།


        ཉག་རོང་སྒེའུ་ཁུང་མེ་ཏོག་ཆེས་ཁྱད་ཆོས་ལྡན་པ་ནི་རི་མོ་ཡིན་ལ། རེ་རེ་བཞིན་ཆེ་ཤོས་རི་མོའི་མིང་ཡང་མི་འདྲ། རི་མོ་དང་པོའི་སྒྲོམ་ནི་གཙོ་བོ་འདབ་མ་དང་ལོ་མ་གཙོ་བོར་བྱེད་པ།(བོད་སྐད་ཀྱི“པ་ཏྲ”ཟེར)རི་མོ་གཉིས་པའི་སྒྲོམ་ནི་གཙོ་བོ་པད་མའི་འདབ་མ་བྱས་ནས(བོད་ཀྱི་པད་མ)འབྲི་དགོས། རི་མོ་གསུམ་པ་དེའི་སྒྲོམ་ནི་ཚང་འབུར་གཙོ་བོ་ཡིན།(བོད་སྐད་ཀྱི་སྦུག་མཚོ་ཟེར།)རི་མོ་བཞི་པའི་སྒྲོམ་ནི་ཀོང་འབུར་གཙོ་བོ་ཡིན།(བོད་སྐད་ཀྱི་སྦུག་མཚོ་ནང་གི་སྡེར་མོ་ཟེར།)རི་མོ་ལྔ་པའི་སྒྲོམ་ནི་ཚང་སྟེང་ལ་མེ་ཏོག་སྣོན་རྒྱུ་གཙོ་བོ་ཡིན།(བོད་སྐད་ཀྱི་སྦུག་མཚོའི་མེ་ཏོག་ཟེར།)རི་མོ་དྲུག་པའི་སྒྲོམ་ནི་ཀོང་ཚང་ཡི་གེ་ཁྲིའི་དྲ་མིག་ཅན་གཙོ་བོ་ཡིན།(བོད་སྐད་ཀྱི་རྒྱ་ནག་ལྕགས་རི་ཟེར།)རི་མོ་རེ་རེའི་ཐིག་རིས་གསལ་ཞིང་ཚོན་མདངས་བཀྲ་བ་ཞིག་དང་། མདོག་སེར་པོ། སྔོན་པོ། དམར་པོ། ལྗང་ཁུ་བཅས་ལྟར་བསྒྲིགས་ཡོད། ཆེས་མཇུག་ཏུ་ཁ་དོག་དཀར་པོ་དང་གསེར་མདོག་གིས་བྲིས་པ་ལས་གྲུབ་པ་ཡིན། ལྷག་པར་དུ་ཁ་དོག་དཀར་པོ་དང་གསེར་མདོག་གིས་བྲིས་པའི་རི་མོ་ནི་གསེར་གྱི་འོད་ཟེར་དང་། དཔྱད་བསྡུར་དྲག་པོ། ལྐོག་གྱུར་གྱི་སྣང་བ་ཞིག་གིས་ཁེངས་ཡོད། རི་དྭགས་ཀྱི་མགོ་ལ་ངོ་མཚར་བའི་སྐུ་བརྙན་སྣ་ཚོགས་ཡོད་པ་དང་། བསམ་པའི་འཆར་སྒོ་ཕུན་སུམ་ཚོགས་པ། བཟོ་ལྟ་འདྲ་མིན་སྣ་ཚོགས་ཡོད་པས། མི་རྣམས་ཀྱིས་ཡིད་སྨོན་སྐྱེ་འོས་པ་ཞིག་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1