ཞི་ཅིན་ཕིང་གིས་རྒྱ་གར་གྱི་སྲིད་འཛིན་མུའུ་ཁོ་ཅི་ལ་གློག་འཕྲིན་བཏང་ནས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་གྱི་ཡུལ་དངོས།

            སྤྱི་ཟླ་1པོའི་ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་སྲིད་འཛིན་མུའུ་ཁོ་ཅི་ལ་གློག་འཕྲིན་བཏང་ནས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་ཐེངས་66པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་གློག་འཕྲིན་ནང་དུ། ཀྲུང་གོ་དང་རྒྱ་གར་གཉིས་ནི་གནའ་བོའི་ཤེས་རིག་ལྡན་པའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་བསམ་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་ནས་རྒྱ་གར་གྱི་འཕེལ་རྒྱས་གྲུབ་འབྲས་ལ་དགའ་བསུ་ཞུ་བཞིན་ཡོད་། ད་ལོ་ནི་ཀྲུང་གོ་དང་རྒྱ་གར་བར་འབྲེལ་བ་བཙུགས་ནས་ལོ་འཁོར་65ཕྱིན་ཡོད་ཅིང་།   ཀྲུང་གོའི་ཕྱོགས་ནས་རྒྱ་གར་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀས་ཞི་བདེ་དང་དར་རྒྱས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཁ་ཕྱོགས་ཏེ་མུ་མཐུད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱ་འདོད་ཡོད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1