གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རྩོམ་པ་པོ། ཁྲི་གོང་ཨོ་རྒྱན་ཚེ་རིང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༢༣ཉིན།

༄༅།།ཆར་བ་བབས་བྱུང་།


     ཆར་བ་མགྲོན་པོ་ཞིག་གིའམ་
     རླུང་ནག་ཅིག་གི་ཚུལ་གྱིས
     ལོ་མའི་སྒལ་གཞུང་ནས་ཡུར་བའི་མཐིལ་ལ་བབས་བྱུང

     ཆར་བ་བབས་བྱུང
     ཆར་བ་ཕོ་ཉ་ཞིག་གིའམ་
     རྨི་ཐག་ཅིག་གི་ཚུལ་གྱིས
     ཡུམ་བུ་བླ་མཁར་གྱི་བརླ་སྒང་ནས་ས་གཞི་རིལ་མོར་བབས་བྱུང

     ཆར་བ་བབས་བྱུང
     ཆར་བ་སྔགས་པ་ཞིག་གིའམ་
     དམག་དཔོན་ཞིག་གི་ཚུལ་གྱིས
     ནམ་མཁའི་མཐའ་ནས་རྒྱ་མཚོའི་དཀྱིལ་ལ་བབས་བྱུང

     ཆར་བ་བབས་བྱུང
     ཆར་བ
     བྱེའུའི་གཤོག་རྡེབ་བཞིན
     རྒྱ་མཚོའི་རླབས་ཕྲེང་བཞིན
     རྒྱ་སྟག་གི་མཆེ་བ་བཞིན
     སླར་ཡང
     ཕྱོགས་བཞི་མཚམས་བརྒྱད་ནས
     བབས་བྱུང  བབས་བྱུང
     ཉིན་མཚན་མེད་པར་བབས་བྱུང

    ༢༠༢༠ལོའི་བོད་ཟླ་༥ཚེས་༡༤ཉིན།        
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1