གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་འཕྲིན་གསར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༢༦ཉིན།

ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་གི་ཨང་གཉིས་པ་བླངས།

          པེ་ཅིང་དུས་ཚོད་ཟླ9བའི་ཚེས24ཉིན་གྱི་སྔ་དྲོར། སྐབས་བཅུ་བཞི་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་ལས་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་མཇུག་སྒྲིལ་ཞིང་། ནང་སོག་གི་འགྲན་ཞུགས་པ་དབྱང་ཅ་ཡུས་ཀྱིས་ཆུ་ཚོད1དང་སྐར་མ27དང་སྐར་ཆ14ཡི་ཐོག་ནས་ཨང་དང་པོ་བླངས་པ་དང་། མཚོ་སྔོན་གྱི་འགྲན་ཞུགས་པ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ27དང་སྐར་ཆ31གི་ཐོག་ནས་ཨང་གཉིས་པ་བླངས། ཁོང་གཉིས་སྐབས་སྔོན་མའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་ཨང་གཉིས་པའང་རེད། ཧྲའན་ཞིས་ཀྱི་འགྲན་ཞུགས་པ་དབྱང་ལིག་ཅིན་གྱིས་ཆུ་ཚོད1དང་སྐར་མ27དང་སྐར་ཆ47གྱི་ཐོག་ནས་ཨང་གསུམ་པ་བླངས་པ་རེད། 
འགྲན་སྡུར་ཆར་ནང་དུ་སྤེལ་བ་རེད།

          ཨང་དང་པོ་ནས་བཞི་བའི་བར་ནི2019ལོའི་འཛམ་གླིང་གཟེངས་རྟགས་འགྲན་སྡུར་ཁྲོད་ཀྱི་འགྲན་ཞུགས་མི་སྣ་ཡིན་ཞིང་། ནང་སོག་རུ་ཁག་གི་དབྱང་ཅ་ཡུས་དང་མཚོ་སྔོན་རུ་ཁག་གི་ཆོས་དབྱིངས་སྐྱིད། ཧྲའན་ཞིས་རུ་ཁག་གི་དབྱང་ལིག་ཅིན་གསུམ་པོ་མགོ་མཇུག་བར་གསུམ་དུ་སུ་མགྱོགས་ཀྱི་རྟིང་ཐག་མ་ཆོད་པར་མཉམ་དུ་བསྐྱོད་ཅིང་། མཇུག་མཐར་དབྱང་ཅ་ཡུས་ཀྱིས་ཨང་དང་པོ་དང་ཆོས་དབྱངས་སྐྱིད་ཀྱིས་ཨང་གཉིས་པ། དབྱང་ལིག་ཅིན་གྱིས་ཨང་གསུམ་པ་བླངས། འགྲན་ཞུགས་པ་གྲགས་ཅན་ལིག་ཧུང་རྟིང་རྩོད་འགྲན་རིམ་ལས་སྔོན་མ་གསུམ་གྱི་རྗེས་སུ་ལུས་ཤིང་མཐར་ཆུ་ཚོད1དང་སྐར་མ29དང་སྐར་ཆ59ཡི་ཐོག་ནས་ཨང་བཞི་བ་བླངས། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1