གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༢༧ཉིན།

རྒྱལ་ཁབ་བཞིའི་འགོ་ཁྲིད་མི་སྣ་ཐུག་འཕྲད་བྱས།


     ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཨ་རི་དང་ལྗར་པན། རྒྱ་གར། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་བཞིའི་འགོ་ཁྲིད་མི་སྣ་ཝ་ཧྲིང་ཐོན་དུ་ཐུག་འཕྲད་བྱས་པ་རེད། 
     ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཚེས་24ཉིན་གྱི་ཕྱི་དྲོར་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཞུགས་པའི་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་མོ་ལི་སེན། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ལ“རྒྱལ་ཁབ་བཞིའི་ལམ་སྲོལ”གྱི་འགོ་ཁྲིད་མི་སྣའི་དྲ་འོག་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།
     ཕོ་བྲང་དཀར་པོས་ཁྱབ་བསྒྲགས་བྱས་པའི་ཐུག་འཕྲད་མཉམ་ལས་ཀྱི་གསལ་ཐོ་ལ་གཞིགས་ན། རྒྱལ་ཁབ་བཞིས་རིམས་ནད་ལ་ཁ་གཏད་གཅོག་པ་དང་། འཕྲོད་བསྟེན་བདེ་འཇགས། རྨང་གཞིའི་སྒྲིག་བཀོད། གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ཀྱི་རིག་གནས། གསར་དར་ལག་རྩལ། དྲ་རྒྱའི་བདེ་འཇགས། བར་སྣང་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུ་ཡིན་ལུགས་བརྗོད་པ་རེད། 
     རྒྱལ་ཁབ་བཞིའི་འགོ་ཁྲིད་པས་ཡོངས་བསྒྲགས་ངང་གཏམ་བཤད་དང་དེ་བཞིན་གསལ་བསྒྲགས་ནང་ཐད་ཀར་མིང་ནས་འདོན་རྒྱུ་ལས་གཡོལ་ནས་ཨ་རི་ཕྱོགས་ཀྱི་དཔོན་རིགས་ཀྱིས“རྒྱལ་ཁབ་བཞིའི་ལམ་སྲོལ”ཞེས་བརྗོད་པ་དེ་ནི་དོན་དངོས་མཉམ་ལས་ལ་དམིགས་པ་ཞིག་ཡིན་པ་ལས་རྒྱལ་ཁབ་རྐྱང་པ་ལ་དམིགས་པ་ཞིག་མིན་པའི“དངོས་གཞི་མིན་པའི་ལམ་སྲོལ”ཞིག་ཡིན་མོད། འོན་ཀྱང་གླེང་ཕྱོགས་དང་དབྱེ་ཞིབ་མི་སྣས་དེའི་དམིགས་ཡུལ་ནི་ཀྲུང་གོའི་ས་ཁུལ་ལ་དམིགས་ནས་རྒྱུན་ཆད་མེད་པར་ཤུགས་རྐྱེན་ཆེ་རུ་གཏོང་བའི་ངོས་འཛིན་བྱེད་ཀྱི་ཡོད། །
     ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ད་ཐེངས་ཀྱི“རྒྱལ་ཁབ་བཞིའི་ལམ་སྲོལ”གྱི་ཐུག་འཕྲད་ལ་ལན་འདེབས་སྐབས་ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་མཉམ་ལས་ལམ་སྲོལ་གང་ཞིག་ཡིན་རུང་ཕྱོགས་གསུམ་པར་དམིགས་པའམ་ཡང་ན་ཕྱོགས་གསུམ་པའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད། སྒོ་རྒྱག་པ་དང་། གཞན་པ་ཕྱིར་འབུད་བྱེད་པ། རྒྱལ་ཁབ་གཞན་དག་ལ་དམིགས་པའི་ཚོགས་པ་ཆུང་ངུ་དག་ནི་དུས་རབས་ཀྱི་རླབས་རྒྱུན་དང་རྒྱབ་འགལ་དུ་སོང་ལ། ས་ཁུལ་དང་རྒྱལ་ཁབ་ཀྱི་བསམ་འདུན་དང་རྒྱབ་འགལ་དུ་སོང་ནས་མི་སེམས་མ་ཐོབ་ན་བྱ་བ་ལམ་ལྷོངས་གཏན་ནས་ཡོང་མི་སྲིད་ཅེས་བཤད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1