གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༢༧ཉིན།

ལི་ཐང་རྫོང་འཇའ་བ་གྲོང་རྡལ་གྱིས་གད་སྙིགས་མེད་པར་བཟོ་ནས་གྲོང་སྡེ་མཛེས་པོར་ཆགས་སུ་བཅུག


ལི་ཐང་རྫོང་འཇའ་བ་གྲོང་རྡལ་གྱིས་གད་སྙིགས་མེད་པར་བཟོ་ནས་གྲོང་སྡེ་མཛེས་པོར་ཆགས་སུ་བཅུག།

མཛེས་སྡུག་ལྡན་པའི་འཇའ་བ།

ལི་ཐང་རྫོང་འཇའ་བ་གྲོང་རྡལ་གྱིས་གད་སྙིགས་མེད་པར་བཟོ་ནས་གྲོང་སྡེ་མཛེས་པོར་ཆགས་སུ་བཅུག།
གད་སྙིགས་འཐུ་བཞིན་པ།

སྤྱི་ཟླ9ཚེས16ཉིན། ལི་ཐང་རྫོང་འཇའ་བ་གྲོང་རྡལ་གྱི་ཞིང་ཁར་འགྲོ་དུས། དཀར་དམར་མཉམ་འདྲེས་ཀྱི་བོད་ཁང་གྲལ་སྟར་འགྲིག་ཅིང་། ཁང་པའི་མདུན་རྒྱབ་ཚང་མ་གཙང་མར་ཡོད་པ་དང་། ལམ་འགྲམ་གྱི་མེ་ཏོག་དང་རྩི་ཤིང་རྣམས་ཀྱང་མཉམ་དུ་རྩེད་འཇོར་རོལ་བས་མཛེས་པའི་ཁོ་ལག་རྫོགས་པའི་གྲོང་སྡེ་རི་མོ་ཞིག་དང་གཉིས་སུ་མེད། འདི་དག་ཚང་མ་ནི་ལོ་འདིའི་ནང་དུ་གྲོང་རྡལ་གྱིས་ཤུགས་ཆེན་པོས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱས་ནས་གྲོང་སྡེའི་རྣམ་པ་ལ་སྔར་མེད་གྱི་འགྱུར་ལྡོག་བྱུང་བ་རེད།

“ཨ་མྱེས་སངས་རྒྱས་ལགས། ཁྱེད་ཚང་གི་སྒོ་འགྲམ་དུ་གཙང་སྦྲ་བྱེད་དགོས་པ་དང་གད་སྙིགས་གང་བྱུང་དུ་མ་དབྱུག” “ འོ་ཡ།གྲོགས་པོ་ཆུང་ཆུང་ཁྱོད་ཀྱིས་དྲན་སྐུལ་བྱས་པར་ཐུགས་རྗེ་ཆེ་ཞུ། ངས་ཐོག་མཐའ་བར་གསུམ་དུ་དེ་ལྟར་བྱེད་པར་མ་ཟད། མུ་མཐུད་ནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན”ཞེས་བཤད། སྤྱི་ཟླ9པའི་ཚེས15ཉིན་གྱི་ཕྱི་དྲོར། འཇའ་བ་གྲོལ་རྡལ་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཚོགས་ཆུང་གིས་ནམ་རྒྱུན་བཞིན་དུ་གྲོང་རྡལ་གྱི་ཁྲོམ་ལམ་དང་ཁང་པའི་མདུན་རྒྱབ། བྱེད་སྒོའི་ཐང་ཆེན་སོགས་ལ་གཙང་སྦྲ་བྱས་པ་དང་། དེའི་ཞོར་དུ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་དང་གད་སྙིགས་རིགས་འབྱེད་ཀྱི་རྒྱུན་ཤེས་ཁྱབ་བསྒྲགས་བྱས་པས། ཡུལ་མི་རྣམས་ལ་ཁོར་ཡུག་གཅེས་སྐྱོང་དང་མི་སྒེར་གྱི་འཕྲོད་བསྟེན་སྲུང་འཛིན་བྱེད་པའི་གོམས་གཤིས་བཟང་པོ་ཆགས་བཅུག་རོགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཇའ་བ་གྲོང་རྡལ་གྱིས་ཟླ་རེར་མི་དམངས་སྲིད་གཞུང་གི་ལས་སྒྲུབ་མི་སྣ་དང་། འཇའ་བ་སློབ་ཆུང་གི་སློབ་མ། གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་ཁག་ཅིག ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་བཟོ་པ་བཅས་ལས་གྲུབ་པའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཚོགས་ཆུང་བཙུགས་ནས“ལག་པ་ཆུང་བས་ལག་པ་ཆེན་པོར་འཇུ་བའི” ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་གཙང་སྦྲའི་བྱེད་སྒོ་སྤེལ་མཐར། ལོ་ཚོད་དང་ལས་གནས་ཀྱི་དབྱེ་བ་མེད་པར་གཙང་འཕྱག་གི་ལག་ཆ་ཁྱེར་ནས་ཁྲོམ་གཞུང་དང་། གྲོང་སྡེ། དུད་ཚང་སོགས་སུ་བསྐྱོད་ནས་ཁོར་ཡུག་གཙང་སྦྲ་བྱེད་པ་དང་། ཁོར་ཡུག་འཕྲོད་བསྟེན་གྱི་རྒྱུན་མཁོ་ཤེས་བྱ་བརྒྱུད་བསྒྲགས་བྱས་ནས་མི་ཚང་མའི་ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གྲོང་རྡལ་ཡོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་ཐུན་མོང་དུ་བདག་སྐྱོང་ཡག་པོ་བྱས།

འཇའ་བ་གྲོང་རྡལ་གྱི་གཞུང་ལམ་གཡས་གཡོན་དུ་ཁོར་ཡུག་འཕྲོད་བསྟེན་དང་འབྲེལ་བའི་སྦྱར་ཡིག་དང་། གད་སྙིགས་རིགས་འབྱེད་ཀྱི་དྲིལ་བསྒྲིགས་རི་མོས་མིག་དབང་རྣམ་པར་འཕྲོག་པ་དང་། གྲོང་དམངས་མི་ཉུང་བས་སྒོ་སྔོན་དུ་ཁོར་ཡུག་འཕྲོད་བསྟེན་གྱི་དུས་ཚིགས་རེའི་དཔྱད་ཞིབ་རེའུ་མིག་བཀོད་ཡོད་པས། གྲོང་དམངས་སོ་སོའི་འཕྲོད་བསྟེན་བཅོས་སྐྱོང་གི་གནས་ཚུལ་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་གྱུར་འདུག

མི་སྡོད་སའི་ཁོར་ཡུག་བཅོས་སྐྱོང་བྱེད་པར‘ཕྱི་ནང་མཉམ་བཅོས’བྱས་ཡོད། འཇའ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲེན་ཀྲང་འཇམ་དབྱངས་ཆོས་འཕེལ་གྱིས་བཤད་རྒྱུར། འཇའ་བ་གྲོང་རྡལ་གྱིས་གཙང་སྤྲའི་དཔྱད་བསྡུར་ཚོགས་ཆུང་བཙུགས་ནས་དུས་བཀག་ལྟར་གྲོང་སྡེའི་ཁག་གི་ཁོར་ཡུག་འཕྲོད་བསྟེན་ལ་ལྟ་སྐུལ་དང་། མཛུབ་ཁྲིད། དཔྱད་བསྡུར་བཅས་བྱེད་པ་དང་། དཔྱད་ཞིབ་བྱས་པ་བརྒྱུད་ནས་ཆེས་མཛེས་པའི་སྒོ་ར་དང་། གཙང་སྦྲ་མི་ལེགས་པའི་བྱང་སེར་བཅས་གདམ་གསེས་བྱས་པས། ཞིང་འབྲོག་མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིགས་ལེགས་པོ་ཆགས་པ་བྱས་པར་མ་ཟད། ཕྱི་ནང་གང་ཡིན་ཡང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་ཡོད་ཅེས་བཤད།

སྔོན་ཆད་གྲོང་དམངས་ཚེ་རིང་སྡེ་བའི་ལས་བྱེད་པའི་གཙང་སྦྲ་ཞིབ་བཤེར་བྱེད་པར་དོགས་ནས་ཉིན་རྒྱུན་ཡིབ་ནས་སྡོད་པ་དང་། སྡེ་བའི་ལས་བྱེད་པས་གནས་ཚུལ་རྒྱུས་ལོན་བྱས་རྗེས། རྒྱུན་དུ་ཁོ་ལ་འབྲེལ་བ་བྱས་ཏེ་ངང་རྒྱུད་རིང་པོས་ཅ་ལག་བསྡུ་གསོག་བྱེད་སྟངས་དང་གད་བདར་བྱེད་སྟངས་སོགས་ཁྲིད་པར་མ་ཟད་། ཁོ་ལ་གཙང་སྦྲ་ལ་འབད་པ་དང་རླུང་རྒྱུག་ཏུ་འཇུག་པ། གཙང་སྦྲ་བྱེད་པའི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་དགོས་པའི་སྐུལ་མ་གནང་། དེ་ལྟར་ཡུན་རིང་འགོར་རྗེས་སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་དང་ལྟ་སྐུལ་འོག་ཏུ་ཚེ་རིང་གི་གཞིས་ཁྱིམ་གཙང་ཞིང་གྲལ་འགྲིག་པོར་གྱུར་པ་དང་ཁོ་ཡང་གཙང་སྦྲ་ཞིབ་བཤེར་བྱེད་པར་མི་སྐྲག་པར་གྱུར་པར་མ་ཟད། སྡེ་བའི་ལས་བྱེད་པ་སྒོ་འགྲམ་དུ་སླེབས་སྐབས་ཁོས་ཚང་མ་ཁྱིམ་ནང་དུ་གདན་དྲངས་ནས་ཇ་འཐུང་ནས་ངལ་གསོ་བྱེད་དུ་བཅུག

དུས་མཚུངས་སུ་འཇའ་བ་གྲོང་རྡལ་གྱིས་དུས་བཀག་ལྟར་མི་སྣ་སྒྲིག་འཛུགས་བྱས་ནས་ཆུ་རྐ་དང་། ཆུ་བོ། རྩྭ་ཐང་སོགས་སུ་ལོ་མང་རིང་གསོག་འཇོག་བྱས་པའི་གད་སྙིགས་གཙང་སེལ་བྱས་པ་དང་། ལྗང་འགྱུར་བྱེད་ཚད་ཆེ་རུ་བཏང་ནས་ག་ས་གང་དུ་ལྗང་འགྱུར་ཡིན་པ་དང་། ཁང་པའི་མདུན་རྒྱབ་ཚང་མར་བཙོག་ཆུ་མེད་པ་དང་གཞུང་ལམ་བརྒྱུད་ཡུལ་དུ་གད་སྙིགས་མེད་པ། གྲོང་རྡལ་དང་གྲོང་སྡེའི་ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་པ་དང་། དུས་ཐོག་ཏུ་གད་སྙིགས་དབོར་འདྲེན་པ་བྱས་སོགས་འགན་ལེན་བྱས།

ད་ལྟ་འཇའ་བ་གྲོང་རྡལ་གྱི་རི་བོ་སྔར་ལས་སྔོ་བ་དང་། ཆུ་བོ་སྔར་ལས་དྭངས་པ། མཁའ་རླུང་དང་བགྲོད་ལམ་སྔར་ལས་གཙང་བས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད་པ་རེད།། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1