གཙོ་ངོས།>> སྒྱུ་རྩལ།>>ཡིག་གཟུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༡ཚེས་༢༩ཉིན།

༄༅། །ཡིག་མགོ་འབྲི་སྲོལ།


བོད་ཡིག་ལ་མི་རིགས་གཞན་གྱི་ཡིག་རིགས་དང་མི་འདྲ་བའི་ཡིག་མགོ་ཐོལ་པ་ཞིག་འབྲི་སྲོལ་ཡོད། དེ་ནི་བོད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡིན། བོད་ཡིག་ལ་ཡིག་མགོ་འབྲི་པའི་དགོས་པའི་གང་ཡིན་མིན་ཐད་ཡིག་རིགས་འཚོལ་ཞིབ་བྱས་ཀྱང་དེའི་ཐད་ཀྱི་དཔྱད་གཞིའི་ཡིག་རིགས་མཇལ་སྐལ་མ་བྱུང་།

འོན་ཀྱང་མཁས་དབང་འགའ་ཤས་ལ་བཅའ་འདྲི་ཞུས་པ་དང་སྦྲགས་ལྷན་ཏུ་ཞིབ་དཔྱད་བྱས་པ་ལྟར་ན་འདི་ལྟ་སྟེ། ཡིག་མགོ་འབྲི་བའི་དགོས་པ་ནི་གཙོ་བོ་རྟེན་འབྲེལ་མཚོན་བྱེད་ཡིན་པ་གཏན་འཁེལ་ནས་བཤད་མཆོག་པ་ཡིན།གང་ལགས་ཤེས་ན། བོད་མིས་བྱ་དངོས་གང་ཞིག་ལའང་མགོ་མཇུག་བརྩི་བ་དང་རྟེན་འབྲེལ་མཚོན་པར་དྭངས་ཞེན་ཆེན་པོ་བྱེད་སྲོལ་ཅིང་། ཡིག་མགོའི་བཟོ་དབྱིབས་ལ་ཞིབ་པར་དཔྱད་ན་དེ་ནི་ཉེ་ཟླའི་དབྱིབས་ཡིན་པ་མཐོང་ཐུབ།    

ཡིག་མགོའི་འབྲི་སྲོལ་གང་ཞིག་ཡིན་ཀྱང་ཉིས་རྩེག་ཡིན་པ་དེའི་ཐོག་ནས་ཀྱང་ཡིག་མགོའི་བཟོ་དབྱིབས་ནི་ཉི་ཟླའི་བཟོ་དབྱིབས་ཡིན་པ་ཅུང་གསལ་པོར་རྟོགས་ཐུབ། བོད་མིའི་བསམ་པའི་ནང་ཉི་ཟླ་ནི་ནམ་ཡང་མི་འགྱུར་བའི་མཚོན་རྟགས་ཞིག་ཡིན་ཞིང་། བོད་ཡིག་འདི་ཉི་ཟླ་ལྟ་བུར་ཇི་སྲིད་བར་མི་ནུབ་པར་གནས་པའི་རྟེན་འབྲེལ་མཚོན་བྱེད་དུ་ཡིག་མགོ་འབྲི་སྲོལ་དེ་ཆགས་པ་ཡིན་ཞེས་བཤད་ཆོག ལྷག་དོན་སྤྱིར་བཏང་གི་ཡིག་རིགས་ཚང་མར་ཡིག་མགོ་འབྲི་དགོས་ཡིན་རུང་ཚེ་ལས་འདས་པའི་དམ་པའི་རྗེས་འཇུག་གི་ཞལ་འདེབས་ཡིག་རིགས་གི་ཁ་བྱང་ལྟ་བུར་ཡིག་མགོ་ཡེ་ནས་འབྲི་སྲོལ་མེད་པ་དེས་ཀྱང་དོན་མདོ་ཙམ་རྟོགས་ཐུབ། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1