“དྲོད་ཁོལ་བཟོ་འགོད”རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་རྟེན་གཞི་འཛུགས་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-29


        ཟླ9པའི་ཚེས27ཉིན་གྱི་ཕྱི་དྲོར། “དྲོད་ཁོལ་བཟོ་འགོད”རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བསྡུས། ཀྲུང་དབྱང་བོད་ལྗོངས་བྱ་བའི་མཐུན་སྦྱོར་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་མཛད་སྒོར་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་མཛད་སྒོར་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་རིན་ཆེན་རྣམ་རྒྱལ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པའི་ཀྲུའུ་རེན་ཝང་ཞོན་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ། 

        རིན་ཆེན་རྣམ་རྒྱལ་གྱིས་བཤད་རྒྱུར། “དྲོད་ཁོལ་བཟོ་འགོད”རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་རྟེན་གཞི་དེ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བཙུགས་པ་ནི་ཀྲུང་ཧྭ་ལས་རིགས་སློབ་གསོ་སྤྱི་ཁྱབ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་ཡིད་ཆེས་དང་མཐོང་ཆེན་བླ་མེད་བྱས་ཤིང་། ནང་བསྟན་སློབ་གླིང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་མཚོན། དེ་བས་ང་ཚོས་སྒོ་བྱང་བཀལ་བ་འདི་མགོ་འཛུགས་ས་གསར་བ་ཞིག་ཏུ་བཟུང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བརྗོད་དོན་གཙོ་བོར་འཛིན་རྒྱུ་དང་། “སྐད་རིགས་ཕན་ཚུན་གོ་བརྡ་འཕྲོད་པར་སྐུལ་སྤེལ”བྱེད་པ་གནད་སར་བཟུང་བ། བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཐུན་མིན་ཁྱད་ཆོས་འདོན་སྤེལ། སྐད་ཡིག་གསོ་སྦྱོང་དང་རྒྱལ་གཅེས་རིང་ལུགས་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ། ཁྲིམས་སྐྱོང་སློབ་གསོ་བཅས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་བཏང་ནས། རང་ཞིང་གི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས།
        ཝང་ཞོན་གྱིས་ཤིས་ཚིག་ནང་བཤད་རྒྱུར། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་རྟེན་གཞི་འཛུགས་པ་ནི་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཡིན་ལ། སྔར་ལས་ལྷག་པར་སྐུ་ཞབས་ཧོང་ཡན་ཕའེ་ཡི་ལས་རིགས་སློབ་གསོའི་དགོངས་པ་རྒྱུན་སྐྱོང་དང་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པས་སྒོ་བྱང་བཀལ་པའི་ལས་ཁུངས་ལ་རོགས་འདེགས་ཀྱིས“དྲོད་ཁོལ་བཟོ་འགོད”ཀྱི་སྒོ་བྱང་འདི་བེད་སྤྱོད་དང་དོ་དམ། དངོས་འབེབ་བཟང་བོ་བྱ་རྒྱུ་དང་། འཆར་འགོད་ལྟར་དུས་བགོས་ཁག་བགོས་བྱས་ནས་འབྲེལ་ཡོད་འགན་འཁྲི་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱས་པའི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་ཁྱབ་གདལ་དུ་གཏོང་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1