འཛམ་གླིང་ཡང་རྩེ་ནས་བྱུ་རུའི་འཇིག་རྟེན་ལ་ལྟ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-30



      ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ལྗོངས་གཡག་རྟེན་མཛོད་གླིང་དུ《བཀྲ་ཤིས་འོད་མདངས—ཀྲེ་ཅང་འབྱུང་ཁམས་རྟེན་མཛོད་ཁང་གི་ཁྱད་འཕགས་ཉར་དངོས་བྱུ་རུའི་འགྲེམས་སྟོན》ལ་ལྟ་སྐོར་བྱེད་མཁན་ལྷ་ས་གྲོང་ཁྱེར་དགེ་འོས་ཁོངས་གཏོགས་སློབ་ཆུང་གི་སློབ་གྲོགས་ཚོས་རྒྱ་མཚོའི་གཏིང་གི་བྱུ་རུའི་འཇིག་རྟེན་ལ་ཡ་མཚན་ཆེན་པོ་བྱེད་བཞིན་དུ་གྲོགས་པོ་ཚོ་དང་མཉམ་དུ་རང་ཉིད་ཀྱི་ཤེས་རྟོགས་གསར་པ་མཉམ་སྤྱོད་བྱེད་བཞིན་མཆིས། 

     《བཀྲ་ཤིས་འོད་མདངས—ཀྲེ་ཅང་འབྱུང་ཁམས་རྟེན་མཛོད་ཁང་གི་ཁྱད་འཕགས་ཉར་དངོས་བྱུ་རུའི་འགྲེམས་སྟོན》དེ་ཀྲེ་ཅང་འབྱུང་ཁམས་རྟེན་མཛོད་ཁང་དང་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་མཉམ་དུ་གཉེར་བ་ཞིག་རེད། ཀྲེ་ཅང་འབྱུང་ཁམས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་བྱུ་རུའི་སྡོང་པོ་དང་འགྲོན་བུའི་རིགས་200ལྷག་ཙམ་གྱི་མ་དཔེ་ལེགས་འདེམས་བྱས་པ་རེད། “བྱུ་རུ་ངོས་འཛིན་པ”ནས“བྱུ་རུའི་ཁྱིམ་རྒྱུད”དེ་བཞིན“བྱུ་རུ་དང་མིའི་རིགས་བར་གྱི་འབྲེལ་བ”སོགས་ཕྱོགས་གསུམ་གྱི་ཐད་ནས་བོད་ཀྱི་མི་དམངས་མང་ཚོགས་ལ“རྒྱ་མཚོའི་མཆོག་ནོར”གྱི་རྣམ་པ་དང་ཚན་རིག་རིག་གནས་ཉམས་སུ་མྱོང་དུ་བཅུག་སྟེ་ཤར་རྒྱ་མཚོའི་ངོགས་དང་འཛམ་གླིང་ཡང་རྩེའི་མཛའ་གྲོགས་ཀྱི་འབྲེལ་ཟམ་བསྐྲུན་པ་རེད། འགྲེམས་སྟོན་དེ་ཟླ་9ཚེས་28ཉིན་འགོ་ཚུགས་པ་ནས་ཟླ་11ཚེས་12ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན། 


     འགྲེམས་སྟོན་གྱི་འགན་འཁུར་བས་ད་ཐེངས་ཀྱི་འགྲེམས་སྟོན་གཉེར་ནས་བོད་ཀྱི་མི་དམངས་ཚོས་རྣམ་པ་གཞན་ཞིག་གི་ཐོག་ནས་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་སུ་ཆགས་པའི་ཕུན་སུམ་ཚོགས་པའི་རིག་གནས་དཔང་པོ་བྱེད་ཐུབ་ཆེད་ཡིན་ཞེས་བཤད་པ་རེད། རྒྱ་མཚོའི་དངོས་དཔེ་200ལྷག་ཙམ་གྱིས་དུས་ཚོད་དང་བར་སྣང་བརྒལ་ཏེ་འཇིག་རྟེན་དུ་འཕྲད་ནས་རྒྱ་མཚོའི་སྐྱེ་དངོས་རིགས་ཀྱི་སྣ་མང་རང་བཞིན་མངོན་པ་མ་ཟད། ཀྲེ་ཅང་མི་དམངས་ཀྱིས‘རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི’འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱེད་པ་དེ་བས་མངོན་ཡོད་ཅེས་བཤད་པ་རེད། 


     འགན་འཁུར་བ་དེས་ད་དུང་བཤད་དོན། “བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཀྲེ་ཅང་འབྱུང་ཁམས་རྟེན་མཛོད་ཁང་དང་མཉམ་དུ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་རིག་གནས་ཀྱི་རྒྱུ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ཐད་མཉམ་ལས་དམ་ཟབ་བྱས་ནས་ས་གནས་གཉིས་པོའི་རིག་གནས་སྤེལ་རེས་དང་རྒྱུན་འཛིན་ཐུབ་པ་བྱས་ནས་ཐོན་ཁུངས་མཉམ་སྤྱོད་དང་རིག་གནས་སྤེལ་རེས་གཏིང་ཟབ་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལག་གདང་སྦྲེལ་ནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་མཉམ་འདྲེས་ཐུབ་པ་བྱས་ནས་ས་གནས་གཉིས་པོའི་དབར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། དངོས་སུ་རིག་དངོས་གསོན་ཉམས་ལྡན་པ་དང་། འགྲེམས་སྟོན་འགུལ་རྣམ་ལྡན་པ། རྟེན་རྫས་བཤམས་མཛོད་ཁང་སྦྲེལ་མཐུད་ཐུབ་པ་བཅས་བྱེད་དགོས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1