ཨའོ་སི་ཝེ་ཞིན་གཅིག་བསྡུས་བཙོན་ར་བཅིངས་འགྲོལ་བཏང་ནས་ལོ་འཁོར་70འགོར་བའི་དྲན་གསོའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-30


             སྤྱི་ཟླ་1པོའི་ཚེས་27ཉིན་ནི་རྒྱལ་སྤྱིའི་དམར་གསོད་ཆེན་པོའི་དྲན་གསོ་ཉིན་མོ་ཡིན། སྤྱི་ལོ་1945ལོའི་དེ་རིང་གི་ཉིན་མོར།  སུའུ་ལེན་སྔོན་མས་འཇར་མན་ན་སའེ་ཏང་གི་མིང་ངན་ས་སྟེང་ལ་ཁྱབ་པའི་ཨའོ་སི་ཝེ་ཞིན་གཅིག་བསྡུས་བཙོན་ར་བཅིངས་འགྲོལ་བཏང་བ་རེད། ཨའོ་སི་ཝེ་ཞིན་གཅིག་བསྡུས་བཙོན་ར་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ།  ན་སའེ་འཇར་མན་གྱིས་ཕོ་ལན་བཙན་བཟུང་བྱས་རྗེས་བཟོ་སྐྲུན་བྱས་པ་ཞིག་ཡིན་ལ། བཙོན་ར་འདི་རུ་ཧ་ལམ་མི་ཁྲི་110བསད་ཡོད་ཅིང་། དེ་དག་གི་ཁྲོད་དུ་མང་ཆེ་བ་ལྗེའུ་རིགས་རེད།  

        ཚེས་27ཉིན། ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་མི་སྣ་གྲགས་ཅན་མང་པོ་ཞིག་དངོས་མང་གཤམས་སྟོན་ཁང་དང་དྲན་གསོ་ཁང་དུ་གྱུར་ཟིན་པའི་ཨའོ་སི་ཝེ་ཞིན་གཅིག་བསྡུས་བཙོན་རའི་རྗེས་ཤུལ་དུ་ཕེབས་ནས། ཨའོ་སི་ཝེ་ཞིན་གཅིག་བསྡུས་བཙོན་ར་བཅིངས་འགྲོལ་བཏང་ནས་ལོ་འཁོར་70འགོར་བའི་དྲན་གསོའི་བྱེད་སྒོར་ཞུགས།


       འཇར་མན་གྱི་འགོ་ཁྲིད་པ་མོ་ཁོ་ཨེར་གྱིས་བྷིར་ལིན་དུ་དྲན་གསོའི་བྱེད་སྒོ་སྤེལ་བའི་སྐབས་སུ། ལོ་རྒྱུས་པར་རིས་མདུན་དུ་ལངས་ནས་གཏམ་བཤད་གནང་བཞིན་པ།

ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སི་ཏེ་ཝུན་སི་པེར་བྷིར་གྷི་ཡང་ཨའོ་སི་ཝེ་ཞིན་གཅིག་བསྡུས་བརྩོན་རར་ཕེབས་ནས་དྲན་གསོ་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1