༄༅། །2015ལོའི་སི་ཁྲོན་ཞིང་ཆེན་གྱི་དམངས་འཚོའི་ལས་གཞིའི་རྣམ་གྲངས་བཅུ་དང་དམངས་འཚོའི་དོན་ཆེན་ཉི་ཤུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29



དམངས་འཚོའི་རྨང་གཞིའི་སྒྲིག་ཆས།

1.ཞིང་གྲོང་གི་གཞུང་ལམ་སྤྱི་ལེ་1.5ཤར་བསྐྱོད་ཐུབ་པ་དང་ལེགས་བཅོས་བྱ་དགོས་པ།

2.ཕྱོགས་ཡོངས་ནས་ཞིང་གྲོང་གི་མི་གྲངས་དང་སློབ་གྲྭའི་དགེ་སློབ་ཀྱི་འཐུང་ཆུའི་གནད་དོན་སེལ་དགོས་པ།

3.ཕྱོགས་ཡོངས་ནས་གློག་མེད་པའི་ཞིང་གྲོང་དུ་གློག་འདྲེན་དགོས་པ།

མང་ཚོགས་ཀྱི་བདེ་འགོད།

1.གྲོང་ཁྱེར་གྱི་ཁང་རྙིང་སྤྱིལ་བུའི་ཁུལ་གྱི་ཁྱིམ་ཚང་ཁྲི་30ཡི་ཁང་བ་ཞིག་གསོ་བྱ་དགོས་པ།

2.ཞིང་གྲོང་གི་ཁྱིམ་ཚང་ཁྲི་15ཡི་རྡིབ་ཉེན་ཆེ་བའི་ཁང་བ་ཞིག་གསོ་བྱ་དགོས་པ།

3.ཞིང་པ་ལས་བཟོ་བར་ཁ་ཕྱོགས་ནས་ཁང་བ་ཁྲི་1ལྷག་རིན་གོང་སླ་མོའི་སྒོས་གླ་རྒྱུ་ཡིན་པ།

སྤྱི་ཚོགས་འགན་སྲུང་།

1.ལོ་ལོན་ཁྲི་200ལ་རང་ཁྱིམ་དུ་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱ་དགོས་པ།

2.ལོ་ན་60ཡན་གྱི་གྲོང་ཁྱེར་དང་ཡུལ་ཤོག་གི་སྡོད་དམངས་ལ་གཞི་རྩའི་རྒན་གསོའི་རོགས་དངུལ་ཇེ་མང་དུ་གཏང་དགོས་པ།

3.ཞིང་ཆེན་ཡོངས་ཀྱི་གྲོང་སྡེ་ཁྲི་4.5ཡི་སྤྱི་པའི་ཞབས་ཞུའི་འགྲོ་སོང་ཐད་ཁ་གསབ་རོགས་སྐྱོར་མཁོ་འདོན་བྱ་དགོས་པ།

4.ཞིང་ཆེན་ཡོངས་ཀྱི་རྫོང་ཚང་མར་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ལྟེ་གནས་རེ་འཛུགས་དགོས་པ།

ལས་ཞུགས་སྐུལ་འདེད།

1.ནོར་སྲིད་མ་དངུལ་བཀོད་སྒྲིག་བྱས་ཏེ་མཐོ་རིམ་སློབ་གྲྭ་ཁག་གི་མཐར་ཕྱིན་སློབ་མ་དང་སློབ་ཆེན་དུ་ཡོད་པའི་སློབ་མ་ཚོའི་ལས་ཀར་ཞུགས་པ་དང་ལས་ཀ་གསར་གཏོད་ལ་རོགས་རམ་བྱ་དགོས་པ།

སྨན་བཅོས་འཕྲོད་བསྟེན།

1.གྲོང་ཁྱེར་དང་ཡུལ་ཤོག་གི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཀྱི་རྩིས་ཞུའི་ཆུ་ཚད་མུ་མཐུད་ནས་མཐོར་འདེགས་གཏོང་དགོས་པ།

2.ལོ་ལོན་དང་། བྱིས་པ། ནད་པ་དང་སྦྲུམ་མ་བཅས་ལ་རིན་མེད་ཀྱི་རྩའི་བའི་འཕྲོད་བསྟེན་ཞབས་ཞུ་ཤུགས་སྣོན་བྱ་དགོས་པ།  

3.དབུལ་ཕོངས་ཁྱིམ་ཚང་གི་སྐྱ་འགྲིབ་ནད་ཕོག་པའི་མི་གྲངས་ཁྲི་1ལྷག་ལ་རིན་མེད་དུ་གཤགས་བཅོས་བྱ་དགོས་པ།

སློབ་གསོའི་རོགས་དངུལ།

1.འཚོ་བར་དཀའ་ཁག་ཡོད་པའི་མཐའ་ཁུལ་གྱི་ཞིང་གྲོང་དགེ་རྒན་ཚོར་རེས་འཁོར་ཁང་པ་ཁྲི་1འཛུགས་སྐྲུན་བྱ་རྒྱུ་ཡིན་པ།

2.ཞིང་ཆེན་ཡོངས་ཀྱི་གཞུང་གཉེར་མཐོ་འབྲིང་644ཡི་སློབ་སྒྲུབ་འགྲོ་སོང་མཐོར་འདེགས་གཏོང་རྒྱུ་ཡིན་པ།

3.དམངས་གཉེར་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་ལོ་རིམ་གསུམ་པའི་སློབ་མ་ཁྲི་10ཡིས་སློབ་རིན་སྤྲོད་མི་དགོས་པ་བྱ་རྒྱུ།

གནོད་འགོག་རྒུད་སེལ།

1.ས་རྒྱུས་གནོད་འཚེ་བྱུང་ཁུལ་100ལ་བདག་སྐྱོང་ནན་མོ་བྱས་ཏེ། ཞིང་གྲོང་གི་ཁྱིམ་ཚང་ཁྲི་2ཉེན་བྱོལ་གནས་སྤོར་བྱ་དགོས་པ།

མི་རིགས་ས་ཁུལ་ལ་རོགས་སྐྱོར།

1.ཁུལ་གསུམ་གྱི་ཞིང་པའི་ཁྱིམ་ཚང་ཁྲི་30ལ་རྣམ་པ་གསར་པའི་འབྲུ་མཛོད་ཆུང་ངུ་འགྲེམ་སྤེལ་བྱ་དགོས་པ།

2.བོད་ཁུལ་གྱི་ཐུམ་འབུའི་ནད་ལ་སྔོན་འགོག་དང་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏང་དགོས་པ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1