སྐྱེ་ཁམས་ལེགས་སུ་ཕྱིན། རི་ཞིམ་མང་དུ་ཕྱིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-14


    རི་ཞིམ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ་རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་བྱི་ལའི་རིགས་ཀྱི་སྲོག་ཆགས་ཆུང་གྲས་ཤིག་ཡིན་ལ་གཙོ་བོར་ནུབ་བྱང་ས་ཁུལ་དུ་འཚོ་གནས་བྱེད་ཀྱི་ཡོད། རི་ཞིམ་གྱི་ཁྱུ་ཚོགས་ཁ་ཐོར་དུ་གནས་ལ་གྲངས་འབོར་ཉུང་ཞིང་། དེ་ནི་རི་ཐང་མཚམས་ཀྱི་སྐྱེ་ཁམས་མ་ལག་གི་ལེགས་ཉེས་ལྟ་བའི“ཆར་བརྟག་ཡོ་བྱད”ལྟ་བུ་ཞིག་རེད། ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོ་ས་ཁུལ་དང་མདོ་ལ་ས་ཁུལ་གྱི་སྣོད་བཅུད་ལོ་རེ་བཞིན་ལེགས་སུ་ཕྱིན་པ་དང་བསྟུན་ནས། དེ་གར་རི་ཞིམ་ཡང་མང་དུ་ཕྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1