གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༥ཉིན།

དྲ་གྲགས་"ལྷ་མོ་"གསོད་མཁན་སྲོག་ཁྲིམས་གཅད་རྒྱུ་རེད།

        སྤྱི་ལོ་2021ལོའི་ཟླ་10པའི་ཚེས་14ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་ཐང་ལུའུ་ཡིས་རྐང་བཙུགས་མི་བསད་པའི་གྱོད་དོན་ཐད་ཡོངས་བསྒྲགས་ཀྱིས་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དང་ཁྲིམས་ར་ནས་དཔྱད་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། ཞུ་སྦྱོར་ཕྱི་མ་ཐང་ལུའུ་ཡིས་རྐང་བཙུགས་ནས་མི་བསད་པའི་ནག་ཉེས་ཤོར་ཡོད་པ་གཏན་ཁེལ་བྱུང་ནས། སྲོག་ཁྲིམས་གཅད་རྒྱུ་དང་གཏན་དུ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་རྒྱུ། ནག་ཉེས་ཀྱི་བྱ་སྤྱོད་ཀྱིས་རྐྱེན་ཏེ་ཞོར་གཏོགས་དམངས་རྩོད་གཏུག་བཤེར་བྱས་ནས་ཞུ་སྦྱོར་སྔ་མ་ལ་དངོས་པོའི་གྱོང་གུན་ཐེབས་པ་རྣམས་འཇལ་དགོས་རྒྱུ་ཐག་བཅད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ལས་མི་ཁྲིམས་ར་ལ་བཏང་ནས་ཞུ་སྦྱོར་ལ་རམ་འདེགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཐང་ལུའུ་དང་དག་འབུད་བྱེད་མཁན། དེ་མིན་ཞོར་གཏོགས་དམངས་རྩོད་གཏུག་བཤེར་ཞུ་སྦྱོར་སྔ་མ་དང་གཏུག་བཤེར་ངོ་ཚབ་པ་བཅས་ཁྲིམས་ར་ལ་གཏུག་བཤེར་དུ་ཞུགས།
        ཁྲིམས་ཁང་གིས་ཞིབ་གཅོད་བྱས་དོན། ཞུ་སྦྱོར་ཕྱི་མ་ཐང་ལུའུ་དང་གནོད་འཚེ་ཕོག་མཁན་ལྷ་མོ་གཉིས་སྤྱི་ལོ་2009ལོར་གཉེན་སྒྲིག་ཐོ་འགོད་བྱས་ཤིང་། ཁྱིམ་གྱི་བྱ་བ་རྩག་རྩིག་གིས་རྐྱེན་ནས་རྒྱུན་དུ་བཟའ་འཛིན་ཐུག་པ་དང་། ཐང་ལུའུ་ཡིས་ལྷ་མོ་ཐེངས་མང་གཅར་རྡུང་བྱས། སྤྱི་ལོ་2020ལོའི་ཟླ་6པའི་ཚེས་28ཉིན་ཁོང་གཉིས་བཟའ་འཐོར། དེ་རྗེས་ཐང་ལུའུ་ཡིས་བཟའ་ཚང་བསྐྱར་སྒྲིག་དགོས་ཚུལ་ཐེངས་མང་ལབས་ཀྱང་དང་ལེན་མ་བྱས་པས། སེམས་སུ་འཁོན་འཛིན་བྱས། སྤྱི་ལོ་2020ལོའི་ཟླ་9པའི་ཚེས་14ཉིན་གྱི་ཆུ་ཚོད་20དང་སྐར་མ་30ཐོག །ཐང་ལུའུ་ལྷ་མོའི་ཨ་ཕའི་ཁྱིམ་དུ་སོང་སྟེ་ཐབ་ཚང་དུ་དྲ་ཐོག་ཐད་གཏོང་བྱེད་བཞིན་པའི་ལྷ་མོའི་ལུས་ལ་སྣུམ་བླུགས་རྗེས་མེ་ལ་བསྲེགས། ལྷ་མོ་ལ་རྨས་སྐྱོན་ཚབས་ཆེན་བྱུང་ནས་ཟླ་ཕྱེད་འགོར་རྗེས་ཚེ་ལས་འདས་པ་དང་། ཐང་ལུའུ་ཡུལ་དངོས་ནས་བྲོས་བྱོལ་བྱས་རྗེས་འཛིན་བཟུང་བཟོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1