གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༨ཉིན།

ལི་ཐང་རྫོང་གིས་ནགས་ཚལ་རྩྭ་ཐང་མེ་གསོད་མེ་ཟོན་གྱི་འཇོན་ནུས་ཇེ་དྲག་གཏོང་བའི་གསོ་སྦྱོང་བྱས།


ལི་ཐང་རྫོང་གིས་ནགས་ཚལ་རྩྭ་ཐང་མེ་གསོད་མེ་ཟོན་གྱི་འཇོན་ནུས་ཇེ་དྲག་གཏོང་བའི་གསོ་སྦྱོང་བྱས།

པར་འདི་ནི་གསོ་སྦྱོང་བྱ་ཡུལ་རེད།


ཉེ་ཆར། ལི་ཐང་རྫོང་གི་ནགས་ཚལ་རྩྭ་ཐང་མེ་གསོད་ཀྱི་འཇོན་ནུས་ཇེ་དྲག་ཏུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དེ་གྱང་པ་གྲོང་རྡལ་དུ་གཉེར་མགོ་ཚུགས་པ་རེད། རྫོང་ནགས་ཚལ་རྩྭ་ཐང་མེ་གསོད་མེ་ཟོན་བཀོད་འདོམས་པུའུ་ཡི་ཁོངས་མི་གཙོ་བོ་དང་། ཡུལ་ཤོག(གྲོང་རྡལ)22ཀྱི་ཆེད་བསྐོས་བཀོད་འདོམས་པ་གཞོན་པ་དང་ཆེད་ལས་ཕྱེད་ཙམ་གྱི་མེ་གསོད་རུ་ཁག་གི་རུ་དཔོན་སོགས་མི65ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ཉིན5རིང་ཡིན་པ་དང་། གསོ་སྦྱོང་སློབ་ཚན་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་འབྲེལ་བྱས་ནས་སློབ་མའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱས། སློབ་མ་རེ་རེའི་བསླབ་བྱའི་ནང་དོན་ཡིད་ལ་ངེས་པར་བྱས་ཏེ་སླེབས་ལ་ཉེ་བའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་སྐབས་ལ་ཁ་གཏད་གཅོག་དགོས་པའི་བླང་བྱ་བཏོན། དངོས་འཐབ་ནང་སྦྱོང་བྱེད་སྐབས་འཛིན་གྲྭ་ཁག་གི་མཛུབ་ཁྲིད་པས་སློབ་མ་ཚོའི་སྣེ་ཁྲིད་དེ་ཆུ་འཐེན་འཕྲུལ་འཁོར་དང་སྣུམ་གསོག་སོགས་ཉམས་གསོ་དང་བེད་སྤྱོད་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ་རེད། ནང་སྦྱོང་ལ་ལྟ་བ་དང་དངོས་སུ་བཀོལ་སྤྱོད་བྱེད་པ། ཚོགས་ཆུང་ཁག་བགོས་ཀྱིས་འགྲན་བསྡུར་བྱེད་པ་བཅས་ལ་བརྟེན་ནས་སློབ་མ་ཚོས་ཛ་དྲག་ཆེ་ལ་འཁྲུག་ཆ་དོད་པོའི་རྣམ་པའི་ཁྲོད་དུ“དུས་ཚོད་ནི་ཚེ་སྲོག་དང་མེ་སྐྱོན་ནི་བཀའ་རྒྱ་ཡིན”པའི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་བཏང་བ་དང་། དུས་མཚུངས་སུ“གཡུལ་འགྱེད་པར་རིས་བཟོ་བ་དང་། བབ་བསྟུན་སྔོན་ཇུས་ལག་བྲིས་བྱེད་པ། ཆེད་ལས་དཔུང་སྡེ་དོ་དམ་བྱེད་པ། གོ་མཚོན་བྱང་མས་རྩལ་ནུས་སྤྱོད་པ། འཕྲིན་གཏོང་དྲ་རྒྱ་འཛུགས་པ”བཅས་ཀྱི་ལས་ཀའི་དམིགས་ཡུལ་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1