གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༩ཉིན།

ཨ་ཧྥུའུ་ཧན་གྱི་ཙུང་ལི་གཞོན་པ་ཚབ་མས་ཐ་ལེ་པན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་མོ་སི་ཁོའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་སྨྱན་བྱད་ཀྱིས་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་ཐ་ལེ་པན་གྱི་མགྲིན་ཚབ་པས། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཙུང་ལི་གཞོན་པ་ཚབ་མ་ཨ་པུའུ་ཏུའུ་ལི.སཱ་ལ་མུའུ.ཧྭ་ན་ཧྥེ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་མོ་སི་ཁོ་ནས་བསྡུ་རྒྱུ་ཡིན་པའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད་ཟེར། 
        བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཀྲང་ཚབ་མ་མུའུ་ཐ་ཅི་ཡིས་ཐུར་ཁེའི་ཨ་ན་ཏའོ་ལུའུ་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐ་ལེ་པན་གྱི་འཐུས་ཚབ་ཚོགས་པས་མི་འགྱངས་པར་མོ་སི་ཁོ་ལ་འཚམས་འདྲི་བྱས་ནས། ཨུ་རུ་སིའི་མཐོ་རིམ་དཔོན་པོར་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར། 
        ཨ་ཧྥུའུ་ཧན་ཐ་ལེ་པན་རིག་གནས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཨ་ན་མུའུ་ལ.སཱ་མན་ཅཱ་ཡིས་བསྟན་དོན། ཨ་ཧྥུའུ་ཧན་གྱི་མཐོ་རིམ་འཐུས་ཚབ་ཚོགས་པ་ཙུང་ལི་གཞོན་པ་ཚབ་མ་ཨ་པུའུ་ཏུའུ་ལི.ས་ལ་མུའུ.ཧྭ་ན་ཧྥེ་ཡི་འགོ་ཁྲིད་འོག་མོ་སི་ཁོའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། སྐབས་དེར་རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པ་དང་མཉམ་དུ་ཨ་ཧྥུའུ་ཧན་གྱི་གནས་བབ་དང་འབྲེལ་བའི་གནད་དོན་རབ་དང་རིམ་པར་བགྲོ་གླེང་བྱེད་རྒྱུ་རེད། མིག་སྔར་ད་དུང་གྲོས་ཚོགས་ཀྱི་ཚད་གཞི་གཏན་ཁེལ་བྱས་མེད་པས། གནས་ཚུལ་གསལ་པོ་མི་འགྱངས་པར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 
        ཁོས་ད་རུང་བཤད་རྒྱུར། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་མོ་སི་ཁོའི་གྲོས་ཚོགས་ལ་ཞུགས་པ་དེ་ནི་རྒྱལ་ཁབ་གཞན་པའི་བར་ཁྲིམས་མཐུན་འབྲེལ་བ་འཛུགས་པའི་གོ་སྐབས་ཤིག་ཡིན་ཟེར།
         བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་གནད་དོན་གྱི་མོ་སི་ཁོ་མ་དཔེའི་གྲོས་ཚོགས་དེ་ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་མོ་སི་ཁོ་ནས་བསྡུ་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྔོན་མར་བསྒྲགས་པ་ལྟར་ན། ཐ་ལེ་པན་གྱིས་འཐུས་ཚབ་ཚོགས་པ་མངག་ནས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པར་བདེན་དཔང་བྱས་སོང་ཟེར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1