ཁྲོན་ནུབ་བྱང་རྒྱུད་ཀྱི་བོད་ཀྱི་འབྲོག་པ་དགུན་སར་སྤོ་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-20




        ཉེ་ཆར་གནམ་གཤིས་གྲང་དུ་ཕྱིན་པ་དང་ཆབས་ཅིག  སི་ཁྲོན་ནུབ་བྱང་རྩྭ་ཐང་གི་འབྲོག་པ་ཚོས་སླར་ཡང་ལོ་གཅིག་དུས་གཅིག་གི་དགུན་སར་གནས་སྤོ་འགོ་ཚུགས། ས་གནས་དེ་གའི་བོད་ཀྱི་འབྲོག་པ་ཚོས་རྟ་ནོར་ལུག་གསུམ་མང་པོ་དེད་དེ་རི་ནང་གི་དབྱར་དུས་འབྲོག་ར་ནས་འགྲིམ་འགྲུལ་སྟབས་བདེ་བ་དང་རྩྭ་ཆུ་འཛོམས་པའི་དགུན་དུས་འབྲོག་རར་རེས་མོས་ངང་གནས་སྤོས་ནས་ཕྱུགས་ཟོག་འཚོ་བཞིན་ཡོད། 


     ཁྲོན་ནུབ་བྱང་རྒྱུད་ཀྱི་འབྲོག་པ་རྣམས་དབྱར་སར་སྡོད་ཡུན་ཐུང་ཞིང་། དགུན་སར་སྡོད་ཡུན་ཅུང་རིང་བ་ལོ་ཧྲིལ་པོའི་གསུམ་ཆ་གཉིས་ཙམ་ཟིན་པ་དང་། དགུན་ས་ནི་ས་གནས་དེ་གའི་འབྲོག་པའི་གཏན་སྡོད་བྱེད་ས་དེ་ཡིན། དབྱར་དགུན་སའི་བར་ཐག་ཉེ་སར་སྤྱི་ལེ་བཅུ་ཉི་ཤུ་ཡོད་པ་དང་། བར་ཐག་རིང་སར་སྤྱི་ལེ་བརྒྱ་ལྷག་ཙམ་ཡོད་པས་སྤྱི་ལེ་ལྔ་བཅུ་ལས་བརྒལ་བའི་འབྲོག་པ་ཚོ་ནམ་རྒྱུན་ཉིན་གཉིས་ལ་འགྲོ་དགོས་ཀྱི་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1