བོད་ལྗོངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 10-21



རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གི་ཀྲུང་གོ
བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ། འཕེལ་རྒྱས་ཀྱི་མཛེས་རིས་གསར་པ།
          “བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲོད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པ་བརྒྱུད་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད”
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན།
      
          ལོ་70ཡི་གོང་བོད་ལྗོངས་འདི་ཉིད་ཧ་ཅང་ཉམས་ཞན་དང་ཉམས་ཐག་ཡིན་པ་བསམ་ཡུལ་ལས་འདས།
          ལོ་70ཡི་རྗེས་བོད་ལྗོངས་དུ་གནའ་བོའི་ཕོ་བྲང་དང་། བྱ་འཕུར་བ་ལྟར་རྒྱུག་པའི་མེ་འཁོར། བདེ་སྐྱིད་ཀྱི་འཛུམ་མདངས་བཅས་མི་རྣམས་ཀྱི་མིག་ལམ་དུ་འཆར།

    ཆུ་ངོས་ཀྱི་ཕོ་བྲང་པོ་ཏ་ལ།
          དེ་སྔ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་འབའ་ཞིག་དེ་ཡིན་པའི་བོད་ལྗོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན་གནད་སྨིན་ཇུས་བསྟར་དང་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད་དབུལ་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཡོད།
 
    བདེ་སྐྱིད་དང་དགའ་སྤྲོས་ཁེངས་པའི་རྒན་རྒོན་གྱི་འཚོ་བ།
          ལྗོངས་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཡོད་པ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་བྱུང་སྟེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པར་བཟོས་ཡོད།
          
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གསུམ་ལྡན་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ཚོས་དགའ་སྤྲོའི་ངང་འགྱུར་མེད་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་ལེན་བཞིན་པ།
          མིག་སྔར་དབུལ་སྒྲོལ་མི་འབོར་གྱི་ལོའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1ལས་བརྒལ་བ།
 
    ཇ་ལོ་འཐུ་བཞིན་པའི་མོན་པ་རིགས་ཀྱི་བུད་མེད།
    
ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་གྲོང་ཚོའི་མང་ཚོགས་ཚོས་གྲོང་ཚོའི་ནང་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།
          ད་ཆའི་བོད་ལྗོངས་སུ་ཞིང་འབྲོག་པ་མི་རེའི་ཆ་སྙོམས་རང་བདག་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་41.46ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་རང་བདག་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་33.4ཟིན་པ། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། ཉེ་བའི་ལོ་5ཡི་ནང་འཕར་ཚད་13%ཙམ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་སྤྱིར་ན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156ཟིན་པ་བཅས་རེད།

    ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་འོམ་བུ་ལྷོ་གྲོང་ཚོའི་གྲོང་མི་ཚོས་ནས་ཞིང་བརྔ་བཞིན་པ།
 
    ད་ཆའི་ལྷ་སའི་གྲོང་མིའི་སྡོད་ཁང་ཁུལ་ཆུང་།
 
    ལྷ་ས་ཁྲེང་ཀོན་ཝན་ཏཱ་ཐང་ཆེན།
          འགྲིམ་འགྲུལ་དང་འཕྲིན་གཏོང་གི་གཏོང་སྒོ་ལྡབ་གཅིག་ཙམ་འཕར་བ་དང་། སྨན་བཅོས་འཕྲོད་སྦྱོར་གྱི་གཏོང་སྒོ་160.9%ཙམ་འཕར་བ། མི་རེའི་རིག་གནས་རོལ་རྩེད་ཀྱི་ཞབས་ཞུའི་གཏོང་སྒོ་167.6%ཙམ་འཕར་ནས་བོད་ལྗོངས་ཀྱི་མི་དམངས་རྣམས་སྔ་ས་ནས་དེང་རབས་ཀྱི་འཚོ་བ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས་པ་དང་། ཁོང་ཚོས་སྐྱིད་སྣང་ཆེན་པོས་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་བཞིན་མཆིས།
 
    རྒྱལ་སྟོན་དགའ་བས་གཏོང་བཞིན་པ།
 
   1975ལོར་ཉིང་ཁྲི་བྲག་ཡིབ་སྨན་ཁང་གིས་སྨན་བཅོས་རུ་ཁག་བཙུགས་ནས་སྨན་རི་ཆུས་སུ་སྨན་བཅོས་བྱེད་འགོ་ཚུགས་ཡོད།
          ད་ཆ་བོད་ལྗོངས་དུ་རིམ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1642དང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་11ཡོད། མི་ཆིག་སྟོང་རེར་ནད་པའི་ཉལ་ཁྲི་4.9རེ་ཡོད་པ་དང་མི་ཆིག་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ་5.89ཡོད།
 
    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་།
          སྨན་བཅོས་འཕྲོད་བསྟེན་དྲ་བ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་ནས་ཤང་ཚང་མར་འཕྲོད་བསྟེན་ཁང་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ས་ཚིགས་ཁྱབ་ཐུབ་པ་བྱུང་བ།
 
    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས“རྒས་དུས་སྤྲོ་སྣང་ཡོད་པའི”ཤོ་རྩེད་འགྲན་བསྡུར་སྐབས་བཞི་པ་གཉེར་བཞིན་པ།
          ལོ་70ཡི་གོང་བོད་ལྗོངས་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པས་ཡིག་རྨོངས་ཀྱི་ཚད་གཞི་དེ་95%སླེབས་ཡོད།
 
    1958ལོའི་ཟླ་9པར་བསྐྲུན་པའི་བོད་ལྗོངས་ལྗོངས་སྤྱིའི་སློབ་གྲྭ

          ད་ཆ་བོད་ལྗོངས་དུ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་3195ཡོད་པ་དང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤྱིར་ན་དོ་སྙོམས་འཕེལ་རྒྱས་བྱུང་བ། འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་95.03%ཟིན་པ། གསར་འཕར་ངལ་རྩོལ་ནུས་ཤུགས་མི་རེར་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་དེ་ལོ་13.1བར་མཐོ་རུ་ཕྱིན་ཡོད།
 
    ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་སློབ་གྲྭའི་ནང་གཟུགས་པོ་སྦྱོང་བརྡར་བྱེད་བཞིན་པ།
 
    བཅིངས་འགྲོལ་མ་བཏང་གོང་བོད་ལྗོངས་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་གཅིག་ཀྱང་མེད།
          ད་ཆ་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། བོད་ལྗོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་དེ་སྤྱི་ལེ་ཁྲི་11.88ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ལམ་ཤར་གཏོང་ཐུབ་ཚད་94%དང་76%སོ་སོར་ཟིན་པ། མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རིམ་པ་དང་པོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་700ཟིན་པ། མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད།
 
    ཕད་གྲོང་རྡལ་ནས་སྨན་གླིང་བར་གྱི་གཞུང་ལམ།
 
“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་དུ་ཤར་གཏོང་བྱས་པ།
          ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། གཞིས་རྩེའི་ཞི་བདེ། མངའ་རིས་ཀྱི་དགུན་ས་སོགས་ཡན་ལག་གནམ་ཐང་བསྐྲུན་ཟིན་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་ལམ་ཐིག་140ཟིན་པ། གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་66ཟིན་ཡོད།
 
    ལྷ་ས་གོང་དཀར་གནམ་ཐང་གིT3གནམ་ཐང་བབ་ཚུགས་ཀྱི་ཕྱིའི་རྣམ་པ།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ར་ཀོ་གྲོང་ཚོར་ལོ་109ལ་སླེབས་པའི་བསོད་ནམས་སྒྲོལ་མས(གཡས)གཅུང་མོ་ཚེ་རིང་དང་དབུ་ཐུག་བྱེད་བཞིན་པ།
          བོད་ལྗོངས་གློག་ཤུགས་བྱ་གཞག་འཕེལ་རྒྱས་ཕྱིན་ཏེ་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ཆེར་གྱུར་ཡོད། མཚོ་བོད་དང་། ཁྲོན་བོད། བོད་ལྗོངས་དབུས། མངའ་རིས་བཅས་ཀྱི་གློག་དྲ་སྦྲེལ་མཐུད་འདུ་འགོད་བསྐྲུན་པ་དང“གློག་ཤུགས་མཁའ་ལམ”4སྔ་རྗེས་སུ་བསྐྲུན་ཟིན་ནས་བོད་ལྗོངས་འདི་ཉིད་ཆན་ཕུའུ་500ལྷག་གི་མཐོ་གནོན་གྱིས་གཙོ་བོར་བྱས་པ་དང་རིམ་ཁག་གློག་དྲས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་བོད་ལྗོངས་ཀྱི་གཅིག་གྱུར་གྱི་གློག་དྲའི་དུས་རབས་གསར་པར་སླེབས་ཡོད།

    ཉིང་ཁྲིའི་ཆན་ཕུའུ་500ཟིན་པའི་གློག་སྒྱུར་ས་ཚིགས།
 
    གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་ཉི་ནུས་དང་རླུང་ནུས་གསབ་རེས་ཀྱི་གློག་ཤུགས་ཀྱི་དྲ་ཚིགས་ཆུང་ངུ།
          ལོ་70ཡི་རིང་བོད་ལྗོངས་སྐད་ཡིག་སྦྱོང་སྤྱོད་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་དང་། བོད་སྐད་ཡིག་ཐ་སྙད་ཚད་ལྡན་ཅན་གྱི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་ཐུབ་ཡོད།
 
    བོད་ལྗོངས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན།
          བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱན་གོས་དང་། བཟའ་བཏུང་། སྡོད་ཁང་བཅས་ཀྱི་སྲོལ་རྒྱུན་གྱི་བྱེད་ཐབས་དང་ཉམས་འགྱུར་རྒྱུན་འཁྱོངས་བྱས་པ་དང་ཆབས་ཅིག་དེང་རབས་རིག་གནས་ཀྱི་གོམས་སྲོལ་གསར་པ་མི་ཉུང་བ་ཞིག་ཀྱང་བསྡུ་ལེན་བྱས་ཡོད།
 
    ཉིང་ཁྲིའི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་རྗེས་ཀྱི་རྣམ་པ།
 
    འོང་སྐོར་དགའ་གཏོང་བྱེད་བཞིན་པ།
          གྲངས་གཞི་རེ་རེ་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བཅས་བྱས་པ་བརྒྱུད་བོད་ལྗོངས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པས། ང་ཚོར་བོད་ལྗོངས་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་དང་མཚར་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པ་དང་བོད་ལྗོངས་ཀྱི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1