༄༅།། དགེ་འདུན་ཕུན་ཚོགས།

ལི་སྨད་ཉི་གཞོན་གྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-25


བོད་ཀྱི་འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས།
ལི་སྨད་ཉི་གཞོན་གྱིས་བྲིས་ཤིང་པར་བླངས།


ཁོང་གི་ཐོག་མའི་ལས་ཀ་ནི་ཅི་ཞིག་ཡིན།

        ཕ་ཡུལ་ཁམས་བྲག་འགོ་རུ་སྐྱེས་པའི་དེང་རབས་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས་ལགས་2005ལོར་དཀར་མཛེས་ཁུལ་གཅིག་གྱུར་གྱི་ལས་ཞུགས་མི་སྣ་བསྡུ་བའི་རྒྱུགས་སྤྲོད་དུ་ཞུགས་ལ། ཕུལ་བྱུང་གི་སྦྱང་འབྲས་ལས་ལི་ཐང་རྫོང་དུ་དབྱིན་ཡིག་དགེ་རྒན་གྱི་བྱ་བ་གཉེར་དུ་སོང་། ཁོང་གིས་ལས་རྐང་དེ་ནས་ཧུར་ཐག་འབད་ཐག་བྱས་ལ། ནམ་རྒྱུན་གུང་གསེང་སོགས་བྱ་བའི་ཁོམ་སྐབས་དང་བསྟུན་ནས་སློབ་མ་ཚོར་རིན་མེད་ངང་གསབ་ཁྲིད་མང་པོ་བྱས་པས་ཁོང་ནི་ལི་ཐང་མི་དམངས་སེམས་ནང་གི་ཕུལ་བྱུང་དགེ་རྒན་ཞིག་ཏུ་གྱུར།
ང་གློག་བརྙན་འཁྲབ་སྟོན་གྱི་ལས་ཀར་ཇི་ལྟར་ཞུགས།
        2007ལོའི་ལི་ཐང་རྫོང་བརྒྱད་གཅིག་རྟ་རྒྱུགས་དུས་ཆེན་དུ་ཁོ་རང་གྲོགས་པོ་འགའ་དང་མཉམ་དུ་སྤྲོ་ཚོགས་དེ་རུ་ཕེབས་ནས་ལྟད་མོ་ལྟ་སྐབས། རྒྱལ་ནང་གི་འཁྲབ་ཁྲིད་པ་ལེ་ཙུ་ཧིན་གྱིས་གློག་བརྙན་འཁྲབ་སྟོན་པ་ཞིག་འཚོལ་བཞིན་འདུག་ཟེར་ལ། ལ་ལས་བཤད་ན་འཁྲབ་ཁྲིད་པ་དེས་ཁོ་ལྟ་བུའི་མི་སྣ་ཞིག་འཚོལ་བཞིན་འདུག་ཟེར་ནའང་། སྐབས་དེར་ཁོ་ལ་དེའི་ཕྱོགས་ཀྱི་དགའ་ཞེན་མེད་པས་དོ་སྣང་མ་བྱས། འོན་ཀྱང་རྗེས་ནས་འཁྲབ་ཁྲིད་པ་ལེ་ཙུ་ཧིན་གྱིས་ཆེད་དུ་ཁོ་རང་བཙལ་ནས་ཁ་བརྡ་མང་པོ་བྱས་མཐར། ཁོང་གི་ངོ་མ་ལྡོག་པར་གློག་བརྙན་དེའི་མི་སྣ་གཙོ་བོ་གུ་གྲགས་འཁྲབ་སྟོན་བྱས།
         ཁོར་ཡུག་གིས་མི་ལ་འགྱུར་ལྡོག་གཏོང་སྲིད་ཟེར་བ་བཞིན་དེ་ལྟར་གློག་བརྙན་འཁྲབ་སྟོན་གྱི་ལས་སུ་ཞུགས་བཞུན་ཞུགས་བཞིན་ཁོ་རང་ཉིད་ཀྱང་དེའི་སྐོར་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་པར་མོས་པ་སྐྱེས། རྗེས་ནས་པེ་ཅིན་གློག་བརྙན་སློབ་ཆེན་དུ་ཞུགས་ནས། དངོས་སུ་འཁྲབ་སྟོན་ལས་རིགས་སྐོར་ལ་སློབ་སྦྱོང་བྱས། སློབ་གྲྭ་དེའི་ཁོར་ཡུག་ནས་གཞུང་ལུགས་སྦྱང་པ་རྐྱང་པ་ཙམ་མིན་པར། ཉེ་འཁོར་གྱི་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་མང་པོ་ངོ་ཤེས་ལ། ཁོ་ཚོའི་ཉམས་མྱོང་གི་སྐད་ཆ་དག་ལས་ཁོ་རང་ལ་བློ་བསྐྱེད་མི་དམན་པ་ཐོབ།
ཁོང་ཉིད་འཁྲབ་སྟོན་གྱི་ལས་གར་ཞུགས་ནས་འབྲས་བུ་ག་འདྲ་ཐོབ།
         2007ལོར་གློག་བརྙནཉེན་ལྡན་གྱི་ལེ་བར800》 ཡི་གཙོ་འཁྲབ་པ་བྱས། 2013ལོར་གློག་བརྙནམཆོད་མེ འཁྲབ་ལ། གློག་བརྙན་དེ་2013ལོའི་རྟ་མཆོག་བྱ་དགའ་ལས་ཕུལ་བྱུང་བརྙན་ཐུང་རིགས་ཀྱི་བྱ་དགའ་ཐོབ། 2015ལོར་ཨོ་སི་ཁའི་ཕུལ་བྱུང་བརྙན་ཐུང་རིགས་ཀྱི་གྲས་སུ་ཚུད། 2014ལོརརྒྱུད་སྐུད་སྟེང་གི་རྣམ་ཤེསའཁྲབ་སྟོན་བྱས། གློག་བརྙན་དེར་2016ལོའི་ཐེ་ཝན་རྟ་མཆོག་བྱ་དགའ་ལས་ཕུལ་བྱུང་བརྙན་མིག་གི་བྱ་དགའ་ཐོབ།   2015ལོརམེ་ཏོག་དང་ཟླ་འོདཀྱི་གཙོ་འཁྲབ་པ་བྱས། 2017ལོརལག་དམརའཁྲབ་སྟོན་བྱས་ལ། ལོ་དེར་སྐབས་བདུན་པའི་ཝེ་ཉི་སིའི་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ་ལ། ཕུལ་བྱུང་གློག་བརྙན་རིགས་ཀྱི་གྲས་སུ་ཚུད། 2017ལོརསྦྲ་ནགགི་གཙོ་འཁྲབ་པ་བྱས། 2018ལོརམཁའ་དབྱིངས ཀྱི་གཙོ་འཁྲབ་པ་བྱས། 2019ལོརཤི་གསོན་གྱི་འཐབ་འཛིངདང རླུང རྔོན་པ བཅས་ཀྱི་གཙོ་འཁྲབ་པ་བྱས། དེ་ལསརླུངལ་དབྱི་ཐ་ལའི་རོ་མ་རྒྱལ་སྤྱིའི་གློག་བརྙན་ལས་ཕུལ་བྱུང་ཕྱི་སྐད་གློག་བརྙན་གྱི་བྱ་དགའ་ཐོབ། 2020ལོརགླག་མདའ་དཔའ་བོའི་གཏམ་རྒྱུདདངསྟོན་དུས་ཀྱི་མ་ཎི་རྡོ་འབུམགཉིས་འཁྲབ་སྟོན་བྱས།
ཁོང་གིས་མ་འོངས་པར་གློག་བརྙན་ག་འདྲ་རེ་འཁྲབ་པར་སྟ་གོན་བྱེད་བཞིན་ཡོད།
        ཉེ་སྔོན་ཁོང་གིས་འཁྲབ་པ་དག་ལས་མང་ཤོས་ཀྱིས་བོད་མིའི་གཤིས་ཀ་དང་སེམས་ཁམས་མངོན་པར་མཚོན་ཡོད། མ་འོངས་པར་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གློག་བརྙན་རེ་འཁྲབ་པར་སྟ་གོན་བྱེད་བཞིན་ཡོད་ཟེར།
མཇུག་མཐར། བོད་ཀྱི་ན་གཞོན་རྣམས་ཀྱིས་ཆེད་ལས་རང་བཞིན་གྱི་གློག་བརྙན་ལས་རིགས་ལ་ཞུགས་ནས་མི་རིགས་རང་གི་ཁྱད་ཆོས་མངོན་པར་ཐོན་པའི་གློག་བརྙན་སྤུས་ཚད་ཅན་མང་པོ་འཛམ་གླིང་གི་ཡུལ་གྲུ་སོ་སོར་སྤེལ་བའི་རེ་བ་ཡོད་ཅེས་གསུངས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1