གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༢༥ཉིན།

རྒྱ་གར་དུ་དྲག་ཆར་བབས་པས་མི་46རྐྱེན་ལམ་དུ་ཤོར།


     རྒྱ་གར་བྱང་རྒྱུད་ཨ་ཁེན་ཏེ་མངའ་སྡེ་སྲིད་གཞུང་གིས་ཚེས་20ཉིན། ཉིན་དེའི་བར། ཆར་པ་བསྟུད་མར་བབས་པའི་རྐྱེན་གྱིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་46་ཕྱིན་པ་དང་། གཞན་ཡང་མི་11གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་བཤད།

   ཉིན་དེར་བྱུང་རྒྱུད་ཨ་ཁེན་ཏེ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཏ་སྨི་ཡིས། དྲག་ཆར་བསྟུད་མར་བབས་ནས་མི་46རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་སྐྱོན་ཕོག་པ། མི་11གར་སོང་ཆ་མེད་དུ་གྱུར་པ་བཤད།  


        དྲག་ཆར་གྱི་རྐྱེན་པས་ད་དུང་ཆུ་ལོག་གི་གནོད་འཚེ་ཕོག་ནས་མི་སྣར་དཀའ་ངལ་འཕྲད་པ་དང་འགྲོ་ལམ་དང་ཟམ་པར་གཏོར་སྐྱོན་ཕོག་པ། བཟོ་ལས་ཁུལ་ཆུས་བསྣུབས་ཡོད་པ་རེད། རྒྱ་གར་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20ཉིན་བར་དཀའ་ངལ་འཕྲད་པའི་མི་300ལྷག་ཙམ་བསྐྱབས་ཐུབ་ཡོད་པ་རེད། 


         གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་དམག་ཕྱོགས་དང་འཕྲལ་སྡོམ་སྡེ་ཚན་གྱིས་རོགས་སྐྱོབ་བྱེད་བཞིན་ཡོད་པ་དང་། གེགས་བར་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་སྤེལ་བཞིན་པའི་སྒང་རེད། 
        དེ་སྔོན། རྒྱ་གར་གྱི་ལྷོ་རྒྱུད་ཁེ་ལཱ་ལཱ་མངའ་སྡེར་ཆར་པ་བབས་པའི་རྐྱེན་གྱིས་ཆུ་ལོག་དང་རི་ཉིལ་ནས་མིག་སྔར་ཉུང་མཐར་ཡང་མི་27རྐྱེན་ལམ་དུ་ཤོར་ཡོད། རྒྱ་གར་གྱི་ས་ཆ་མང་པོར་དྲག་ཆར་བབས་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་80ལས་བརྒལ་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1