ཞི་ཅིན་ཕིང་ལོ་ངོ50འཁོར་བའི་དྲན་གསོའི་ཚོགས་འདུ་གལ་ཆེན་འདིར་ཞུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 10-27


ཟླ་10ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བའི་དྲན་གསོའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
            ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བའི་དྲན་གསོའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ཚུན་གྱི་ལོ་50ནི་ཀྲུང་གོས་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་ལོ་50རེད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་པ་ཞིག་བྱ་རྒྱུ་ཡིན། སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་ཞིག་བྱ་རྒྱུ་ཡིན། ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་ཞིག་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་འཛིན་ཏེ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ། མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་པ་བཅས་བྱས་ཏེ་འཛམ་གླིང་རྒྱུན་མཐུད་ཞི་བདེ་འཕེལ་རྒྱས་མངོན་འགྱུར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་ལོ་50ཡི་གོང་གི་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཉེར་དྲུག་པའི་ཐོག་རྣམ་གནོན་རང་བཞིན་གྱི་འདེམས་ཤོག་མང་པོའི་ཐོག་ནས་གྲོས་ཆོད་ཨང་2758ལ་གྲོས་འཆམ་བྱུང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཆ་མཐའ་དག་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་འཐུས་མི་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་གི་ཀྲུང་གོའི་ཁྲིམས་མཐུན་འཐུས་མི་འབའ་ཞིག་ཡིན་པ་ཁས་བླངས་ཡོད། དེ་ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྒྱལ་ཁ་ཡང་ཡིན་ཞེས་བཏོན་གནང་བ་རེད།

ཟླ་10ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བའི་དྲན་གསོའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
            ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་བ་དེ་ནི་འཛམ་གླིང་ཐོག་གི་དོན་ཆེན་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་ཆེན་ཞིག་ཀྱང་ཡིན། དེ་ནི་འཛམ་གླིང་ཐོག་ཞི་བདེར་དགའ་བ་དང་དྲང་བདེན་འཛིན་མཁན་རྒྱལ་ཁབ་མཐའ་དག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་དང་། དེས་འཛམ་གླིང་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སྟེགས་ཐོག་བསྐྱོད་པ་མཚོན་ཡོད། དེས་ཀྲུང་གོ་དང་འཛམ་གླིང་ལ་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ཚུན་གྱི་ལོ་50ནི་ཀྲུང་གོས་ཞི་བདེ་འཕེལ་རྒྱས་གཏོང་བ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་ལོ་50རེད་ཅེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་འཛམ་གླིང་གི་རླབས་རྒྱུན་དྲག་ཏུ་འཕྱུར་ཞིང་། དེར་བསྟུན་ན་དར་རྒྱས་དང་ལྡོག་ན་འཇིག་པར་འགྱུར། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་བྱུང་བཞིན་ཡོད་པ་དང་ཞི་བདེ་དང་། འཕེལ་རྒྱས། ཡར་ཐོན་བཅས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་མཉམ་ལས་མཐའ་འཁྱོངས་ཀྱིས་འགྲན་རྒོལ་མི་བྱེད་པ་དང་། སྒོ་དབྱེ་མཐའ་འཁྱོངས་ཀྱིས་བཀག་སྡོམ་མི་བྱེད་པ། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་ཀྱིས་རྒྱལ་ཕམ་འགྲན་རྩོད་མི་བྱེད་པ་བཅས་བྱས་ཏེ། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རྣམ་པ་གང་རུང་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1