ཏེ་ཨེར་ཐ་དུག་སྡོང་གི་དབྱིབས་ཅི་འདྲ་ཞིག་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་གསར་འགྱུར་དྲ་བ། སྤེལ་དུས། 10-28



        ཚེས25ཉིན་ཨུ་རུ་སུའི་སྲུང་སྐར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི“ཕྱོགས་ཚད”ནད་དུག་རིག་པ་དང་སྐྱེ་དངོས་ལག་རྩལ་རྒྱལ་ཁབ་ཚན་རིག་ལྟེ་གནས་ཀྱིས་པྲོག་གསར་གཞན་འགྱུར་ནད་དུག་ཏེ་ཨེར་ཐ་དུག་སྡོང་གི་འདྲ་པར་ཐེངས་དང་པོར་ཁྱབ་བསྒྲགས་བྱས་པ་དང་། འདྲ་པར་དེ་ནི་གློག་རྡུལ་ཕྲ་མཐོང་ཆེ་ཤེལ་བརྒྱུད་ནས་བླངས་བ་ཡིན།    


པྲོག་གསར་གཞན་འགྱུར་ནད་དུག་ཏེ་ཨེར་ཐ་དུག་སྡོང་།

        གནས་ཚུལ་སྤེལ་བར་གཞིགས་ན། “ཕྱོགས་ཚད”ལྟེ་གནས་ཀྱིས་བརྡ་ཁྱབ་ནང་བསྟན་དོན། “གཞན་འགྱུར་ནད་དུག་སྡོང་དེ་ནི་ཨ་ཧྥེ་རི་ཁའི་སྤྲེའུ་ལྗང་གི་མཁལ་མའི་སྐྱི་པགས་ཕྲ་ཕུང་གསོ་སྐྱོང་རྨང་གཞིའི་ཐོག་མིའི་ཐབས་ལ་བརྟེན་ནས་གསོ་སྐྱོང་བྱས་པ་ཞིག་རེད། འདི་ནི་གློག་རྡུལ་ཕྲ་མཐོང་ཆེ་ཤེལ་གྱིས་པར་བླངས་པའི་པྲོག་གསར་གཞན་འགྱུར་ནད་དུག་ཏེ་ཨེར་ཐ་ཡི་བརྙན་རིས་ངོ་མ་ཡིན”ཞེས་འཁོད་ཡོད།    
        ཏེ་ཨར་ཐ་པྲོག་གསར་གཞན་འགྱུར་ནད་དུག་ནི་ཆེས་ཐོག་མར2020ལོའི་ཟླ10པར་ཧིན་རྡི་ནས་གསར་རྟོགས་བྱུང་བ་རེད། དེ་ནད་དུག་གཞན་དང་མི་འདྲ་ས་ནི་མི་མངོན་པའི་དུས་ཚོད་ཐུང་བ་དང་ནད་དུག་གི་དུག་གཤིས་དྲག་པའི་ཁྱད་ཆོས་ལྡན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1