མཚོ་སྔོན་ཟི་ལིང་དུ་ཏོག་གསར་གློ་ཚད་ནད་པ་3བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་འཕྲིན་གསར། སྤེལ་དུས། 10-28


        2021ལོའི་ཟླ་10བའི་ཚེས་28ཉིན་གྱི་ཆུ་ཚོད་0དང་སྐར་མ་20ཡི་ཐོག །ཟི་ལིང་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་གདགས་གཤིས་ཅན་གྱི་མི་3བྱུང་འདུག །
        ཚའེ་ཆེ་གེ་མོ།(ཉིང་སྐྱུར་བརྟག་འཇལ་གདགས་གཤིས་ཅན་ཨང་རྟགས1པོ།)ཕོ། ལོ59 ད་ལྟ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་བྲག་དཀར་ལམ་ཨང12པའི་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་སྡོད་ཁུལ་དུ་ཡོད་ཅིང་། ཟླ10བའི་ཚེས28ཉིན་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་གདགས་གཤིས་ཡིན་ལ། གཏན་ཁེལ་གྱི་སྨན་ཁང་དུ་བསྐྱལ་ནས་ཟུར་བཀར་ནད་བཅོས་བྱེད་ཀྱིན་ཡོད།
        ཧྲིན་ཆེ་གེ་མོ།(ཉིང་སྐྱུར་བརྟག་འཇལ་གདགས་གཤིས་ཅན་ཨང་རྟགས2པ།)མོ། ལོ59 ད་ལྟ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་བྲག་དཀར་ལམ་ཨང12པའི་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་སྡོད་ཁུལ་དུ་ཡོད་ཅིང་། ཚའེ་ཆེ་གེ་མོའི(ཉིང་སྐྱུར་བརྟག་འཇལ་གདགས་གཤིས་ཅན་ཨང་རྟགས1པོ།)ཆུང་མ་ཡིན། ཟླ10བའི་ཚེས28ཉིན་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་གདགས་གཤིས་ཡིན་ལ། གཏན་ཁེལ་གྱི་སྨན་ཁང་དུ་བསྐྱལ་ནས་ཟུར་བཀར་ནད་བཅོས་བྱེད་ཀྱིན་ཡོད།
        ཏུང་ཆེ་གེ་མོ།(ཉིང་སྐྱུར་བརྟག་འཇལ་གདགས་གཤིས་ཅན་ཨང་རྟགས3པ།)མོ། ལོ80 ད་ལྟ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་བྲག་དཀར་ལམ་ཨང12པའི་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་སྡོད་ཁུལ་དུ་ཡོད་ཅིང་། ཚའེ་ཆེ་གེ་མོའི(ཉིང་སྐྱུར་བརྟག་འཇལ་གདགས་གཤིས་ཅན་ཨང་རྟགས1པོ།)སྒྱུག་མོ་ཡིན། ཟླ10བའི་ཚེས28ཉིན་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་གདགས་གཤིས་ཡིན་ལ། གཏན་ཁེལ་གྱི་སྨན་ཁང་དུ་བསྐྱལ་ནས་ཟུར་བཀར་ནད་བཅོས་བྱེད་ཀྱིན་ཡོད།
        མིག་སྔར། གོང་གསལ་གྱི་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་མི3ལ་འགོས་ནད་རིག་པའི་བརྟག་དཔྱད་དང་ཚོད་ལྟ་ཁང་གི་བརྟག་དཔྱད་བྱེད་བཞིན་ཡོད་པར་མ་ཟད། འབྲེལ་འདྲིས་དམ་ཟབ་བྱེད་མཁན་ལ་རྗེས་འདེད་དང་འབྲེལ་ཡོད་ས་ཁུལ་ལ་བཀག་སྡོམ་དང་དོ་དམ་ཚོད་འཛིན་སོགས་ཀྱི་བྱ་ཐབས་སྤྱད་ཡོད།
        ཉེ་ལམ་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་གནས་ཚུལ་ཧ་ཅང་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་པས། རྒྱ་ཆེའི་གྲོང་མིར་སླར་ཡང་རིམས་འགོག་ཚོད་འཛིན་ཐད་ལྷོད་གཡེང་གཏན་ནས་གཏོང་མི་རུང་བར་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ངེས་པར་དུ་དོན་འཁྱོལ་ཡག་པོ་བྱ་དགོས་པའི་དྲན་སྐུལ་ཡང་ཡང་བྱས་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1