གཙོ་ངོས།>> དམངས་སྲོལ།>>གུས་ལུགས།

རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༡ཚེས་༣༠ཉིན།

༄༅། །བོད་མིའི་ཡ་རབས་གུས་སྲོལ།

             རང་ཁྱིམ་དུ་སྐུ་མགྲོན་སླེབས་ན་གུས་སྲོལ་ཞུ་ཚུལ་ཐད་མི་རིགས་རེ་རེར་ཁྱད་ཆོས་རེ་ཡོད་ནའང༌། གཡས་གྲལ་ནི་གྲལ་མགོ་དང༌། གཡོན་གྲལ་ནི་གྲལ་མཇུག་ཡིན་པས་རང་ལས་མཐོ་བའི་སྐུ་མགྲོན་ཞིག་ཕེབས་ན་གོང་གྲལ་ལ་བཞུགས་སུ་འཇུག་པ་དང༌། རང་ཉིད་གཡོན་གྲལ་ལ་སྡོད་པ་ཡིན་རང་དང་མཉམ་པའི་སྐུ་མགྲོན་ཞིག་ཕེབས་ནའང་གཡས་གྲལ་ལ་འདུག་ཏུ་འཇུག་པ་འདི་དག་ཀྱང་གུས་སྲོལ་གྱི་རིགས་ཤིག་ཡིན་པ་རེད། དདུང་བོད་མིས་བླ་སྤྲུལ་རྣམས་ལ་མཇའ་སྐབས་སྐྱེས་ཕས་ཞྭམོ་ཕུད་པ་དང༌། བུད་མེད་རྣམས་ཀྱིས་མགོ་དཀྲིས་ལེན་པ་བཅས་བྱས་ཏེ་མགོ་ས་ཁུར་ཞིང་་གུས་ཕྱག་འབུལ་བ་དང༌། ཕྱིར་འགྲོ་ནའང་མྱུར་མོར་རྒྱབ་བསྟན་ཏེ་མི་འགྲོ་བར་དལ་མོར་ཕྱིར་ནུར་བྱས་ཏེ་འགྲོ་བ་ཡིན། གས་ཏེ་བླ་དཔོན་བཅས་ལ་ཁ་བཏགས་དང་ལེགས་སྐྱེས་སོགས་འབུལ་ནའང་བགོ་སྒུར་ཞིང་ལག་ཟུང་མཐོན་པོར་བཏེགས་ནས་འབུལ་བ་ཡིན་ལ། དེ་མིན་ད་དུང་ཞུ་རྒྱུ་ཡོད་ན་གུས་ཚིག་དང་བཅས་ཏེ་སྐད་མགོ་དམའ་མོས་ཞུ་དགོས་པ་རེད། བོད་ཀྱི་ལོ་གསར་དང༌། གཉེན་སྟོན། སྤྲོ་གཏོང་གི་དུས་གང་ཡིན་ནའང་བགྲོན་པོ་ཁྱིམ་དུ་བསྡུས་ཤིང་གྲལ་གདན་ལ་བཀོད་རྗེས། སྦྱིན་བདག་གིས་དཀར་ཡོལ་གཙང་དག་ཡིན་ཞིང་ཆག་གྲུམ་ཤོར་མེད་པ་ཞིག་གི་ནང་དུ་ཟས་དང་ཇ་ཆང་གང་ཡིན་བླུགས་ཏེ་འདྲེན་པ་དང༌། དེ་ནས་ཁྱིམ་ཚང་གི་རྒན་རབས་རྣམས་ལའང་དེ་ལྟར་འདྲེན་པ་ཡིན། མགྲོན་པོ་དང་སྦྱིན་བདག་གང་གིསཀྱང་ཟས་ལྷག་འཐུང་ལྷག་མི་བསྐྱུར་བའི་སྲོལ་ཡོད་ལ། དེ་ནི་མགྲོན་བདག་གཉིས་ཐད་ནས་ཕན་ཚུན་ལ་གུས་ལུགས་དང་གོང་བསྐུར་བྱེད་པ་མཚོན་པ་ཡིན། གཞན་བོད་རང་གི་གུས་སྲོལ་ལྟར་ཞུ་འབུལ་ཡི་གེ་དང་ཕན་ཚུན་འཕྲིན་ཡིག་སོགས་འབྲི་དུས་གནས་བབ་མཐོ་དམན་ལ་གཞིགས་ཏེ་ཡི་གེ་ཐོག་ཆེ་བསྟོད་འབྲི་བ་དང༌། ཤོག་བུའི་ཐོག་ཐོབ་ཐང་མི་འདྲ་བར་མགོ་ཤོག་དང་བར་ཤོག་སྟོང་ཆ་འཇོག་པ་དང༌། ཕ་མ་དང་དགེ་སྒན་དང་གོངོ་རིམ་སོགས་ལ་བསྐུར་ན་རྒྱས་བསྡུས་གང་རུང་གི་ཆེ་བསྟོད་དང་འབྲེལ་བའི་མཚན་གྱི་མཐར་དྲུང་དུ་དང་མཆོག་ལ་དངོ་སྤྱན་སྔར་དལ་སྐུ་མདུན་ལྟ་བུ་སྦྱོར་ཞིང༌།རང་ལ་ཕྲན་དང་གྱི་ན་བ་དང་དམན་ཆུང་སོགས་དམའ་མོའི་མིང་སྦྱོར་ལ། མཇུག་མཐར་གུས་པས་ཕུལ་དང་སྐུ་བདེ་བར་སྨོན་སོགས་ཀྱི་བདེ་སྨོན་གུས་སྲོལ་དང་སྦྲགས་ནས་བཇུག་བསྡུ་བ་ཡིན། དེ་མིན་ད་དུང་བོད་ཀྱི་རྒྱུན་བཀོལ་སྐད་ཆའི་ཁྲོད་ན་གུས་ཚིག་སྦྱོར་བའི་མིང་སོགས་ཤིན་ཏུ་མང་ནའང་རེ་རེ་བཞིན་ཞིབ་དུ་མ་གྲེང་བ་ཡིན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1