ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མགྱོགས་ལམ་ཕུག་ལམ་དང་པོ་དབུག་རན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-03



ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མགྱོགས་ལམ་ཕུག་ལམ་དང་པོ་དབུག་རན་ཡོད།

 ཉེ་ཆར། ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་པའི་ལས་ཡུལ་གྱི་གཞུང་ལམ་ཧྲིལ་པོའི་ཕུག་ལམ18དང་ཟམ་ཆེན4སྐྲུན་བཞིན་ཡོད་པ་རེད། ཡུས་ཅ་ཀང་ཕུག་ལམ་གྱི་གཡོན་ཕུག་དེ་སྤྱི་ཟླ12པར་དབུག་ཐུབ་ལ། ཕུག་ལམ་དེར་ཕུག་ཐུབ་རྗེས་ལམ་ཐིག་ཧྲིལ་པོའི་ཕུག་ལམ་དང་པོ་དེར་ཕུག་ཚར་བ་རེད།

ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མགྱོགས་ལམ་ཕུག་ལམ་དང་པོ་དབུག་རན་ཡོད།

    མིག་སྔར་གཞུང་ལམ་ཧྲིལ་པོར་ཕུག་ལམ18དང་ཟམ་ཆེན4སྐྲུན་བཞིན་པའི་སྒང་ཡིན་ལ། ཕུག་ལམ་དང་པོ་དེ་ཉེ་དུས་དབུག་ཐུབ་རྒྱུ་རེད། ཧྲུའུ་ཏའོ་ཚོགས་པའི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཡུས་ཅ་ཀང་ཕུག་ལམ་གྱི་གཡོན་ཕུག་ཇུས་འགོད་ཀྱི་སྤྱིའི་རིང་ཚད་ནི705mཡིན་པ་དང་། མིག་སྔའི་བར་ལ་སླེབས་དུས་རིམ་རྩིས་བྱས་ན་སྨི640ཕུག་ཐུབ་ཡོད། སྔོན་དཔག་བྱས་ན་སྤྱི་ཟླ12པར་ཕུག་ཐུབ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོའི་ཕུག་ལམ18ཀྱི་ཕུག་ངོས72ལ“ཕུག་སྒོ་ལས་མི་རྐོ་བ”ཡི་ཨར་ལས་བྱེད་སྟངས་སྤྱད་དེ་རྐང་གྲུག་ཐང8ཙམ་གྱི་ཆེ་ཆུང་སྟེ་སྨི་གྲུ་བཞི་མ43000ཙམ་གྱི་ཕུག་ངོས་གཏོར་བཤིག་གཏོང་མི་དགོས་པར་བྱས་ཡོད།

ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མགྱོགས་ལམ་ཕུག་ལམ་དང་པོ་དབུག་རན་ཡོད།

   མྱུར་བགྲོད་གཞུང་ལམ་སྤྱི་གཉེར་ཁང་གི་ཁྲེང་པོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་གཉེར་ཁང་གིས《ས་གཤིས་རྙོག་འཛིང་ཅན་དང་དཀའ་ཚེགས་ཆེ་བའི་རི་ཁུལ་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་གྱི་ཚད་གཞི་ཅན་གྱི་པར་རིས》(0.1པར་གཞི)བཟོས་ཏེ། རི་ཁུལ་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་གྱི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བསྐྲུན་པ་དང་ཆབས་ཅིག། སྐྱེ་ཁམས་ཀྱི་དཔལ་ཡོན་རྒྱས་པའི་གཞུང་ལམ་དེ་བས་མང་པོ་གཏོད་པར་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1