གཙང་གསུམ་ཆུ་འགོ་ནས་ཧི་མ་ལ་ཡའི་ར་རྒོད་མཐོང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-04


     ཉེ་ཆར། མཚོ་སྔོན་ཞིང་ཆེན་པད་མ་རྫོང་གི་སྨྱན་སྦྱོར་གསར་འགོད་པས་ཉིན་ཤས་གོང་རྨ་ཁུ་གཙང་པོའི་འབབ་རྒྱུད་ཀྱི་ས་ཆ་མི་འདྲ་བ་ནས་ཧི་མ་ལ་ཡའི་ར་རྒོད་གཉིས་པར་དུ་བླངས་ཐུབ་བྱུང་བ་དེ་ནི་མིའི་ཐབས་ཀྱིས་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་སྲོག་ཆགས་དེའི་འཚོ་གནས་ཀྱི་རྣམ་པ་ཐེངས་དང་པོར་པར་བླངས་ཐུབ་པ་བྱུང་བ་ཡིན།

    མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་གནས་པའི་པད་མ་རྫོང་ནི་གཙང་གསུམ་ཆུ་འགོའི་སྲུང་སྐྱོང་ལྟེ་བའི་ཁུལ་ཡིན་ལ། འབྲི་ཆུའི་ཆུ་སྟོད་ཀྱི་འབབ་ཁུངས་གཙོ་བོ་ཞིག་ཀྱང་ཡིན། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1