གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༠༩ཉིན།

ཨུ་རུ་སུ་དཀར་པོས་ཟླ་བཅུ་བའི་གསར་བརྗེ་སྤེལ་ནས་ལོ་འཁོར104ལོན་པར་རྗེས་དྲན་ཞུས་པ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ11པའི་ཚེས7ཉིན་ནི་ཟླ་བཅུ་བའི་གསར་བརྗེ་སྤེལ་ནས་ལོ་འཁོར104ལོན་པའི་རྗེས་དྲན་གྱི་ཉིན་མོ་རེད། ཉིན་དེར་ཨུ་རུ་སུ་དཀར་པོའི་ས་ཁུལ་སོ་སོས་ལའེ་ཉིང་གི་འབག་སྐུ་ལ་མེ་ཏོག་ཕུལ་ནས་རྗེས་དྲན་གྱི་བྱ་འགུལ་སྤེལ།
        ཚེས7ཉིན་གྱི་སྔ་དྲོར། ཨུ་རུ་སུ་དཀར་པོའི་གུང་ཁྲན་ཏང་དང་ཨུ་རུ་སུ་དཀར་པོ་སྤྱི་མཐུན་རྒྱལ་ཁབ་ན་གཞོན་མནའ་འབྲེལ་གྱི་འཐུས་མི་བརྒྱ་ལྷག་གིས་རྒྱལ་ས་མིན་སི་ཁུ་རུ་སྲིད་གཞུང་ཐོག་ཁང་གི་མདུན་དུ་ཡོད་པའི་ལའེ་ཉིང་གི་འབག་སྐུ་ལ་མེ་ཏོག་ཕུལ་ནས། ཟླ་བཅུ་བའི་གསར་བརྗེ་སྤེལ་ནས་ལོ་འཁོར104ལོན་པར་རྗེས་དྲན་ཞུས།
        ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོ་ཡིས་ཉིན་དེར་ཨུ་རུ་སུ་དཀར་པོའི་མང་ཚོགས་ལ་རྟེན་འབྲེལ་ཞུས་ཤིང་། ཁོས་བཤད་རྒྱུར། ཟླ་བཅུ་བའི་གསར་བརྗེ་ཡིས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་བཏང་ཞིང་། ཨུ་རུ་སུ་དཀར་པོའི་མི་དམངས་ཀྱི་ལས་དབང་ལའང་འགྱུར་ལྡོག་བཏང་། ད་ལྟ་འགྲན་སློང་གསར་བར་འཕྲད་ཡོད་ཀྱང་། ཨུ་རུ་སུ་དཀར་པོས་འབད་པ་ཆེར་བསྐྱེད་ཀྱིས་གཡུར་ཏུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས། ཞི་བདེ་དང་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་བྱེད་ངེས་ཡིན་ཟེར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1